e-texts navigator
Collection
Volume
Page
Wylie

169b1 པར་འོས། ཁྱོད་ཀྱིས་ལུང་བསྟན་མ་རང་ས་རྒྱུད་རྟོགས་བྱེད།། སྐབས་འདིར་ལྷ་ཆུད་བཤད་པའི་དུས་པ་བབ།། རྒོར་མ་ཤན་དྲ་དཔའ་བོས་གསུང་དུ་གསོང།། བདག་ཅག་མ་འོངས་དོན་དུ་ངས་པར་གཟུང་།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གཞིར་གནས་ཐུགས
169b2 སྟོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་དག་གསུངས་སོ།། ཡེ་ནས་རང་སེམས་སངས་རྒྱས་པས།། འཁོར་བར་སྣང་བ་འཁྲུལ་པའི་ཆོས།། དེ་ཉིད་སངས་ན་སངས་རྒྱས་ཉིད།། ཀ་དག་ཆེན་པོར་བཤད་པ་ཡིན།། འདིགཤིགས་ཡེ་ཤེས་སྒྱུ་མའི་སྐུ།། འཁོར་བ
169b3 ལོག་རྟོག་སྒྱུ་མའི་སྐུ།། ཡེ་ཤེས་བག་ཆགས་ཟད་དང་།། སྐྱེ་མའི་ངང་དུ་རང་བཞིན་མཉམ།། ཆོས་རྣམས་དབྱིངས་སུ་ཀ་དགེ་བ།། སངས་རྒྱས་རྣམས་ཀྱིས་རབ་ཏུ་གསུངས།། ཕུང་པོ་ཁམས་དང་སྐྱེ་མཆེད་སོགས།། སངས་རྒྱས་ཉིད་ལས་མ་གཏོགས་པའི།། ཆོས་ཉིད
169b4 གུད་ན་ཡོད་མ་ཡིན།། དེ་ཕྱིར་ཕྱག་རྒྱ་ཀ་དག་པའོ།། འཁོར་འདས་བཅིངས་གྲོལ་མ་གྲུབ་ཕྱིར།། ངོ་བོ་ལྷུན་གྱིས་གྲུབ་པར་གནས།། ཆོས་ཉིད་འདུས་བྱས་འཁོར་བར་སྣང་།། འདུས་བྱས་སྟོང་པས་ཆོས་ཉིད་གྲུབ།། འཁོར་འདས་བཟང་ངན་འཛིན་འགྱུར་ཡང་།། རིག་པ་བྱང
169b5 ཆུབ་སེམས་ལ་འདུས།། དེ་ཉིད་ཆོས་ཅན་ལྷུན་གྱིས་ཀྲུང་།། རང་གི་ངང་གིས་དེར་གནས་སོ།། རྡོ་རྗེའི་སྐུལ་ཟེར་ཟུག་ཐལ།། རྟག་ཆད་ཀུན་མིན་ལྷུན་གྱིས་གྲུབ།། རྟག་ཆད་བློ་ཡི་ངན་རྟོག་སྟེ།། ཆོས་ཉིད་གཤིས་ལ་དེ་མ་གྲུབ།། ཆོས་རྣམས་རྩ་བ་བྱང་ཆུབ་སེམས།། མཆོག
169b6 ཏུ་སྤྱན་གྲུབ་རྣམ་པར་དག། དང་ཁྲོ་ཤུགས་ཀྱིས་ཁྲོ་བ་ཡིན།། དེ་ཉིད་ཁྲོ་བོའི་དཀྱིལ་འཁོར་གནས།། ཞེས་གསུངས་སོ།། ཁྲོ་བོ་དྷ་རྒྱུད་ཆེན་པོ་ལས། གཞིའི་ཆོས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་བཅོམ
169b7 འདས་དཔལ་ཁྲག་འཐུང་རིགས་ལྔར་སྣང་བའི་སངས་རྒྱས་རྣམས་ནི་འཆང་བའི་སྐྱེས་བུ་མཛད་པའི་ཕྱིར། སེམས་ཅན་མ་ལུས་པའི་ལུས་མོངས་རྒྱས་པར་སྟོན་པ་འདི་གསུངས་སོ།། ཀུན་གཞི་ཀུན་ཚད་རྩ་བའི་རྒྱུད།། དེ་རྟོགས་ལུས་ནི་བཤད་པའི་རྒྱུད།། རྩ་བཤད་རྒྱུད་པ་ལྷག་ནས་སོ།།




iiif viewer powered by OpenSeadragon

169a - 170a

Texts on this page

Gdg008.9 - chos nyid zhi ba'i lha rgyud