| | e-texts navigator
|
168b1 གདན་ལ་བཞུགས་སོ།། གནས་ན་བཟུགས་པ་ནི། དཀར་མ་དང་། ཐུན་མོ་དང་། རྨོངས་མོ་དང་། ཐལ་བྱེད་མའོ།། ཉེ་བའི་གནས་ན་ཞུགས་པ་ནི། སྤོས་མོ་དང་། གཟུམ་མོ་དང་། སྒྲ་ཤ་ཅན་དང་། མཚོགས་མའོ།། གཞན་ཡང་ཕུལ་ན་བཞུགས་པ་ནི། སེང་གདོང་དང་། སྟག
168b2 གདོང་དང་། སྐྱང་གདོང་དང་། ཝ་གདོང་མའོ།། ཉེ་བའི་ཡུལ་ན་བཞུགས་པ་ནི། བྱ་རྒོད་གདོང་དང་། ཀང་ཀའི་གདོང་དང་། བྱ་རོག་གདོང་མ་དང་། འུག་གདོང་མའོ།། ཞིང་དང་ཉེ་བའི་ཞིང་ན་བཞུགས་པ་ནི། རྟའི་གདོང་དང་། ལག་གདོང་དང་། སྤྲེའུ་གདོང་དང་། སྦྲང་གདོང་པར།
168b3 དུར་ཁྲོད་དང་ཉོ་བའི་དུར་ཁྲོད་ན་བཞུགས་པ་ནི། མིའི་སྲིན་མོ་དང་། ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མ་དང་། དམར་མོ་དང་། བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། སྲིན་མོ་དང་། ཟ་བ་མོ་དང་། དགའ་མོ་དང་། 8
168b4 ཁྲག་འཐུང་མྱོས་མ་དང་། གཅིག་པུར་སྐྱོང་མ་དང་། ཡིད་འགྲོག་མ་དང་། གྲུབ་མོ་དང་། རླུང་མོ་དང་། གསོད་བྱེད་མ་དང་། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་ཆེན་མོ་དང་། ཆུ་ལྷ་མོ་དང་། ཆུ་ཙྪ་དང་། ཉེ་བའི་ཆ་བྷྱོ་དག་ན་ནི། ནག་མོ་ཆེན་མོ་དང་། རམགོ་དམར
168b5 སེར་ཆེན་མོ་དང་། བུམ་རྣ་སྔོ་ནག་ཆེན་མ་དང་། གསུས་འཛིན་སེར་ནག་ཆེན་མོ་རྣམས་བཞུགས་སོ།། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་མངའ་བདག་བུདྡྷ་ཧེ་རུ་ཀ་དང་། བུདྡྷ་ཀྲོ་དྡྷེ་ཤྭ་རཱི་དང་། རྡོ་རྗེའི་རིགས་ཐམས་ཅད་ཀྱི་བདག་པོར་གྱུར་པ་བཛྲ་ཧེ་རུ་ཀ་དང་། བཛྲ་ཀྲོ་ཎྜེ་ཤྭ་རཱི
168b6 དང་། རིན་ཆེན་རིགས་ཐམས་ཅད་ཀྱི་བདག་པོར་གྱུར་པ་རཏྣ་ཧེ་རུ་ཀ་དང་། རཏྣ་ཀྲོ་དྷཱི་ཤྭ་རཱི་དང་། པདྨའི་རིགས་ཐམས་ཅད་ཀྱི་བདག་པོར་གྱུང་བ་པདྨ་ཧེ་རུ་ཀ་དང་། པདྨ་ཀྲོ་དྷཱི་ཤྭ་རཱི་དང་། ཀརྨའི་རིགས་ཐམས་ཅད་ཀྱི་བདག་པོར་གྱུར་པ་ཀརྨ་ཧེ་རུ་ཀ་དང་། ཀ་མ་ཀྲོ་དྷྲི་ཤྭ་རཱི་དང་། དེ་དག
168b7 ཀྱང་རཱ་ཏྲ་དང་། ལྷ་ཆེན་དང་། གཤིན་རྗེ་དང་། ཀླུ་དང་། གནོད་སྦྱིན་འདུལ་བར་བཞུགས་སོ།། དེ་ནས་རྡོ་རྗེ་སྙིང་པོ་རའི་གི་གདན་ལས་བཞེངས་ནས། བཅོམ་ལྡན་འདས་ཀུན་བཟང་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ།། གཞི་ལ་འཁོར་འདས་དབྱེར་མེད་པའི།། གནས་ལུགས་རང
iiif viewer powered by OpenSeadragon
168a - 169a