| | e-texts navigator
|
167b1 གསཔའོ།། དེ་བཞིན་དུ་ལྷ་མ་ཡིན་པ་ཐགས་བཟང་རིས་དང་། མི་ལ་ཤཱཀྱ་ཐུབ་པ་དང་། བྱོལ་སོང་ལ་ཤཱཀྱས་ག་དང་། ཡི་དྭགས་འཁའ་བར་མ་དང་། དམྱལ་བ་ལ་གཤིན་རྡོ་རྗེས་ཀྱི་རྒྱལ་པོ་ལ་སོགས་པར་གསལ་ལོ།། ཕྱི་ནང་ཡིད་ཆོས་པ་ཀུན་བཟང་ཡབ་ཡུམ་དུ་གསལལོ།།
167b2 གཞན་ཡང་རྣམ་པར་རྟོག་པ་མི་གནས་པར་སེལ་བའི་རྟགས་སུ་ཁྲོ་བོ་དང་ཁྲོ་མོ་ལ་སོགས་པར་གསལ་ཏེ། ནམ་མཁའི་མཛོད་དང་ཕུར་བ་ལས་དབྱུང་ངོ་།། དེ་ཐམས་ཅད་ཀྱང་སེམས་ཅན་ཇི་ལྟར་འདུལ་བར་ཚ་མ་ཐུན་པར་དོན་མཛད་པས། ཞལ་གཅིག་ཕྱག་གཉིས་པ་ལ། མཚན་ཆ་སྣ་ཚོགས
167b3 པར་གསལ་ལོ།། དེ་ལས་ཀྱང་ཐུགས་ཡེ་ཤེས་གསལ་ལ་མ་བསྒྲིབས་པའི་ཕྱིར། ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་རྣམ་པ་དྲུག་ཏུ་འཕྲོས་ཏེ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། གནག་པ་དང་། རིན་པོ་ཆེའི་ཁ་དོག་ལ་སོགས་པ། རེ་རེ་ལ་ཡང་འོད་ཟེར་བྱེ་བ་ཁྲག
167b4 ཁྲིག་གངས་དྲུག་ཅུ་དྲུག་ཅུ་སྟེ། དྲུག་ཅུ་ཚོ་དྲུག་ལས་དོད་ཀྱི་ལྷ་མོ་དྲུག་ཅུ་ཚོ་དྲུག་བྱུང་བས། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་གླིང་བཞི་དང་། གླིང་ཕྲན་དང་། ལྕགས་རི་དང་། ཉེ་རླ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་དུ་འགྱུར། ནང་བཅུད་ཀྱི་འཇིག་རྟེན་སྐྱེང་གྲོ་རིས་དྲུག་ལ་སོགས་པ། གྲངས
167b5 བསམ་གྱིས་མི་ཁྱབ་པ་ཐམས་ཅད། ལོང་བས་གཟུགས་མཐོང་བ། འོན་པས་སྒྲ་ཐོས་པ་ལ་སོགས་པ་ཐམས་ཅད་དང་། སྣོད་དུ་རུང་བ་དང་། བསྐུལ་བ་དང་། དོད་སྦགས་པ་དང་། སངས་རྒྱས་པར་ལུང་བསྟན་པ་ནས་རྒྱལ་བ་རྒྱ་མཚོ་ལ་ཐུགས་དམ་གྱི་རྒྱུད་བསྐུལ་བ་ལ་སོགས་པ་ལ།
167b6 ཆོས་ཉིད་ཀྱི་ལོངས་སྤྱོད་ཆེན་པོར་མཛད་དེ། པར་འཕྲོ་བ་དང་། ཚུར་འདུ་བ་དང་། འོད་བསྣོལ་མ་དང་ཞུགས་པ་དང་། མཉེས་པ་དང་། ཚིམ་པ་དང་། དངོས་གྲུབ་སྩོལ་བ་དང་། གཉིས་སུ་མེད་པ་དང་། གདོད་ནས་དག་པའི་རང་བཞིན་ལྷན་གྱིས་གྲུབ་པའི་དཀྱིལ་འཁོར་ན། དགྱེས་པ
167b7 ཆེན་པོ་མཐར་ཕྱིན་པའི་རང་བཞིན་དུ་བཞུགས་སོ།། དེ་ལ་མཁྱབ་པ་མེད་ཅིང་། མ་འདུས་པ་དང་། མི་ཤོང་བ་དང་། ཕྱི་ནང་དང་། སྟེང་འོག་དང་། ཡངས་དོག་མེད་པས། གཞལ་ཡས་ཁང་གི་རྒྱན་སྣ་ཚོགས་པར་ཡང་གསལ་ལོ།། དོན་དེ་བཞིན་དུ་སེམས་ཅན་ལ་སོགས་པ་ཡོད་པའི
iiif viewer powered by OpenSeadragon
167a - 168a