| | e-texts navigator
|
167a1 རྣམ་པར་སེལ་བ་དང་། འཇམ་དཔལ་ལ་སོགས་པར་གསལའོ།། དེ་ཉིད་ཀྱང་ཐབས་དང་ཤེས་རབ་དང་ལྡན་པའི་དོན་དུ། སེམས་མར་བྱུང་སྟེ། ཡུལ་གཟུགས་ལྷ་མོ་ལྔ་ཀྱེ་མར་གསལ་ལོ།། སྒྲ་མཱ་ལེ་དང་། དྲི་གཱི་ཏི་དང་། རོ་ནི་རྟིར་གསལ་པོ།།
167a2 དེ་རྣམས་ཀྱང་དུས་བཞིར་གསལ་བར་བྱེད་པས། ལྷ་མོ་བཞི་སྟེ། འདས་པ་དྷཱུ་པེར་གསལ་ལོ།། དེ་བཞིན་དུ་ད་ལྟར་མེ་ཏོག་གོ།། སླད་ཀྱིས་འབྱུང་བ་མར་མེ། དུས་འབྱུང་བར་མ་ངེས་པ་དྲིར་གསལ་ལོ།། དེ་རྣམས་ཀྱང་གཉིས་སུ་མེད་པ་ཆོས་ཉིད་ཀྱི་རོས་ཚིམས་པའི་རྟགས་སུ། སེམས
167a3 དཔའ་སེམས་མ་རྣམས་དབྱེར་མེད་པར་བཞུགས་སོ།། དེ་ཡང་ཐམས་ཅད་དྲུགས་པ་ཞིང་མཐར་ཕྱིན་པས། བུས་པ་ཁྱེའུ་དང་བུ་མོ་ལ་སོགས་གཞོན་ཤ་ཆགས་པའི་མཚན་ཉིད་དུ་གསལ་ལོ།། དེ་ཡང་ཆུ་དང་དབྲས་བུ་མཐར་ཕྱིན་པར་མཛད་པས། ཟླ་དང་འབྲས་གང་བྱང་ཆུབ་སེམས་དཔ
167a4 སུམ་ཅུ་རྩ་གཉིས་ཏེ། ཤར་ཕྱོགས་ན་རྡོ་རྗེ་སེམས་དཔང་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་དང་། རྡོ་རྗེ་ལེགས་པ་གསལ་ལོ། ཤར་ལྷོ་མཚམས་ན་དཔའ་བར་འགྲོ་བ་དང་། ཀུན་ཏུ་བཟང་པོ་དང་། ཟླ་འོད་གཞོན་ནུ་དང་། བཟང་སྐྱོང་ཀུན་གསལ་ལོ།། ལྷོའི་ཕྱོགས་ན། རྡོ་རྗེ་རིམ
167a5 ཆེན་དང་། རྡོ་རྗེ་ཉི་མ་དང་། རྡོ་རྗེ་རྒྱལ་མཚན་དང་། རྡོ་རྗེ་བཞད་པ་གསལ་ལོ།། ལྷོ་ནུབ་མཚམས་ན། དྲ་བ་ཅན་གྱི་འོད་དང་། རྡོ་རྗེ་སྙིང་པོ་དང་། འོད་དཔག་མེད་དང་། ནམ་མཁའ་མཛོད་གསལ་ལོ།། ནུབ་ཕྱོགས་ན། རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་འཁོར་ལོ་དང་། རྡོ་རྗེ་སླ
167a6 གསལ་ལོ།། ནུབ་བྱུང་ན། མྱ་ངན་ཀན་འཇོམས་དང་། རྒྱལ་བའི་ཡེ་ཤེས་ཏོག་དང་། བློ་གྲོས་མི་ཟད་མ་དང་། སྤོབས་པ་བརྩེགས་པར་གསལ་ལེ།། བྱང་ཕྱོགས་ན་རྡོ་རྗེ་ལས་དང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེ་མཆེ་བ་དང་། རྡོ་རྗེ་ཁུ་ཚུར་དུ་གསལ་ལོ།། བྱང་ཤར་མཚམས་ན། ངན
167a7 ཀུན་འདྲེན་དང་། མཻ་ཏྲི་དང་། སྤོས་ཀྱི་གླང་པོ་དང་། དོན་ཡོད་གྲུབ་པར་གསལ་ལོ།། དེ་ཡང་སྐྱེ་བོ་ལས་དབང་འདུལ་བ་ལ་བརྩོན་པས། བྱང་ཆུབ་སེམས་དཔའ་དབུ་ལྕང་ལོ་ཅན་དུ་བཞུགས་སོ།། དེ་ལས་ཡང་རིགས་བསམ་གྱིས་མི་ཁྱབ་ན་ཡང་། མདོར་དྲུག་ཏུ་འདུས་པས། ལྷ་ལ་བརྒྱ་བྱིད
iiif viewer powered by OpenSeadragon
166b - 167b