e-texts navigator
Collection
Volume
Page
Wylie

166b1 པ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱར་གསལ་ལོ།། ངན་སོང་གསུམ་ཟད་པར་མཛད་པས། དེ་རྣམས་དབུ་གསུམ་པར་གསལ་ལོ།། སྐུ་གསུང་ཐུགས་སུ་སྣ་བས་ཁ་དོག་གསུམ་དུ་གསལ་ལོ།། རྒྱད་དྲུག་འདམ་ནས་འདོན་པས་དེ་རྣམས་ཕྱག་རྒྱ་དྲུག་ཏུ་གསལ་པོ།། དེ་ཡང
166b2 ཡེ་ཤེས་དྲུག་ཏུ་མཐར་ཕྱིན་པས། ཕྱག་མཚན་དྲུག་ཏུ་གསལ་ལོ།། དེ་ཡང་དོན་ཆོས་ཉིད་མཉམ་པའི་ངང་ལ་བཞུགས་པས་སྐྱིལ་མོ་ཀྲུང་དུ་གསལ་ལོ།། དེ་ཕྱིན་ཅི་ལོག་ཐམས་ཅད་ལས་རྒྱལ་བས། དབུ་རྒྱན་སྙན་ཆ་ལ་སོགས་པ་འཁོར་ལོས་སྒྱུར་བའི་ཆ་བྱད་དུ་གསལ་ལོ།།
166b3 མཁྱེན་པའི་ཡེ་ཤེས་གསལ་ལམ་འདྲེས་པས། བསྟ་ཙི་ཏྲའི་ཤ་མ་ཐབས་ལ་སོགས་པ་གསལ་ལོ།། དེ་ཡང་ཐབས་མཁས་པས་ཡབ་ཀྱི་བཞུགས་ཚུལ་དུ་བྱུང་བ་དང་། ཕྱོགས་བཞི་དབུས་དང་ལྔར་བརྟགས་པས་རིགས་ལྔར་སྣང་བ་དང་། དེ་ཉིད་ཡེ་ཤེས་ལྔ་དང་ལྡན་པས་ཁ་དོག
166b4 ལྔར་གསལ་ལོ།། ཡང་ཆོས་ཉིད་ལོངས་སྤྱོད་རྒྱུན་མི་འཆད་པར་མཛད་པའི་རྟགས་གདན་དང་ཁྲི་རྐང་དུ་གསལ་ལོ།། ཐམས་ཅད་དུ་སྨོན་ལམ་མཐར་ཕྱིན་པས། སེམས་ཅན་ཆེན་པོ་ལ་སོགས་པར་གསལ་ལོ།། དེ་ཡང་ཆོས་ཀྱི་དབྱིངས་དང་འདུ་འབྲལ་མེད་པའི་རྟགས་སུ་ཡུམ་དུ་བྱུང
166b5 སྟེ། སྲ་བར་མཚན་མར་འཛིན་པའི་དོན་དུ་སངས་རྒྱས་སྤྱན་མ་དང་། གཤེར་བར་མཚན་མར་འཛིན་པའི་དོན་དུ་མཱ་མ་གྣི་དང་། དྲོ་བར་མཚན་མར་འཛིན་པའི་དོན་དུ་གོས་དཀར་མོ་དང་། བསྐྱོད་པར་མཚན་མར་འཛིན་པའི་དོན་དུ་དམཆོག་སྒྲོལ་མ་དང་། སྟོང་པར་མཚན་མར་འཛིན་པའི
166b6 དོན་དུ་ཀུན་ཏུ་བཟང་མོ་དང་། ཐམས་ཅད་སྐྱེད་པར་བྱེད་པའི་རྟགས་སུ་བུད་མོདྨོ་ཡུམ་གྱི་གཟུགས་སུ་གསལ་ལོ།། གཉིས་སུ་མེད་པས་གཙོ་གཟུངས་ཁྲིལ་པའི་ཚུལ་དུ་གསལ་ལོ།། གཉིས་སུ་མེད་པ་ལས་ཐམས་ཅད་བྱང་བས་རྣམ་པར་ཤེས་པ་ལ་སོགས་པ་མཚན་མར་འཛིན་པའི
166b7 དོན་དུ། མིག་གི་རྣམ་པར་ཤེས་པ་མཚན་མར་འཛིན་པའི་དོན་དུ། སའི་སྙིང་པོར་གསོལ་ལོ།། དེ་བཞིན་དུ་སྔ་ནམ་མཁའི་སྙིང་པོ་དང་། ལྕེ་སྤྱན་རས་གཟིགས་དང་། རྣ་བ་ཕྱག་ན་རྡོ་རྗེ་དང་། མིག་གི་དབང་པོ་ལ་སོགས་པ་བཞི། ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། སྒྲིབ་པ




iiif viewer powered by OpenSeadragon

166a - 167a

Texts on this page

Gdg008.9 - chos nyid zhi ba'i lha rgyud