e-texts navigator
Collection
Volume
Page
Wylie

166a1 སངས་རྒྱས་ཀྱིས་དེ་ལྟ་བུའི་རྡོས་པ་ཅན་མ་ཡིན་པ་དོན་ཆོས་ཉིད་བྱང་ཆུབ་སེམས་སུ་མཁྱེན་པས། སངས་རྒྱས་ཀྱི་སྐུ་སྣང་བ་རང་བཞིན་མེད་པ་བྱུང་བས། དེ་འདུལ་བའི་དོན་དུ་རྒྱལ་བ་རིགས་ལྔར་སྣང་ངོ་།། དེ་བཞིན་དུ་སེམས་ཅན་གྱི་རྣམ་པར་ཤེས་པའི
166a2 ཚོགས་བརྒྱད་ཀྱང་སེམས་དཔའ་བརྒྱད་དོ།། ཡུལ་དང་དུས་ཀྱང་སེམས་མ་བརྒྱད་དོ།། ཕྱིན་ཅི་ལོག་པས་ཁྲོ་བོ། ཡུལ་གྱིས་ཁྲོ་མོའོ།། མཚན་དང་སེམས་དཔང་བཅུ་དྲུག་ལ་སོགས་པ་སྣང་ལ་རང་བཞིན་མེད་པར་དེ་འདུལ་བའི་དོན་དུ་སྣང་ངོ་།། སེམས་ཅན་གྱི་གནས་ན་འགྲོ་བ་རིགས
166a3 དྲུག་ཏུ་སྣང་ངོ་།། སངས་རྒྱས་ཀྱིས་དེ་ལྟ་བུའི་རྡོས་པ་ཅན་མ་ཡིན་གྱི།། དོན་ཐུགས་ཡེ་ཤེས་སུ་མཁྱེན་པས། སངས་རྒྱས་ཀྱི་སྐུ་སྣང་ལ་རང་བཞིན་མེད་པ་བྱུང་བས་དེ་འདུལ་བའི་དོན་དུ་ཉུང་བའི་སྐྱེས་བུ་དྲུག་ཏུ་སྣང་ངོ་།། སེམས་ཅན་གཅིག་ལ་ཡང་ཕྱི་ནང་སྣོད་བཅུད་གནས་སོ།། སངས
166a4 རྒྱས་ཀྱིས་དེ་ལྟ་བུའི་རྡོས་པ་ཅན་མ་ཡིན་གྱི། དོན་དབྱིངས་དང་ཡེ་ཤེས་སུ་མཁྱེན་པས། སངས་རྒྱས་ཀྱི་སྐུ་སྡང་ལ་རང་བཞིན་མེད་པར་བྱུང་བས། དེ་འདུལ་བའི་དོན་དུ་ཡིད་དང་ཆོས་སུ་སྣང་ངོ་།། སེམས་ཅན་གཅིག་གི་ཤེས་པའི་རྒྱུད་ལ་ཡང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང
166a5 ཚར་བར་གནས་ལ། སངས་རྒྱས་ཀྱིས་དེ་ལྟ་བུའི་རྡོས་པ་མ་ཡིན་གྱི་སྐྱེ་བ་མེད་པར་མཁྱེན་པས། དེ་གདུལ་བའི་དོན་དུ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བ་ནི་སྟོང་དུ་སྣང་ངོ་།། སེམས་ཅན་གཅིག་གི་གནས་སྐབས་ལ། ལམ་རྒྱུད་ལྔར་གནས་སོ།། སངས་རྒྱས་ཀྱི་གནས་སྐབས་ན། དེ་འདུལ
166a6 པའི་དོན་དུ་དཔའ་བོ་འབྲུ་ཝར་སྣང་ངོ་།། སེམས་ཅན་གཅིག་གི་གནས་སྐབས་ན། ཉོན་མོངས་པ་ལྔས་དབང་བྱས་ཏེ། ཕྱིན་ཅི་ལོག་ཏུ་གནས་སོ།། སངས་རྒྱས་ཀྱི་གནས་སྐབས་ན། དེ་བདུལ་བའི་དོན་དུ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་རང་བཞིན་ལས། ཞེ་སྡང་འདུལ་བའི
166a7 དོན་དུ་རྡོ་རྗེ་སེམས་དཔའི་སུ་ཕྱག་རྒྱར་གསལ་ལོ།། གཏི་མུག་འདུལ་བར་རྣམ་པར་སྣང་མཛོད་ཀྱི་སྐུ་ཕྱག་རྒྱ་གསལ་ལོ།། དརྒྱལ་འདུལ་བར་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱར་གསལ་ལོ།། འདོད་ཆགས་འདུལ་བར་སྣང་བ་མཐའ་ཡས་ཀྱི་སྐུ་ཕྱག་རྒྱར་གསལ་ལོ།། ཕྲག་དོག་འདུལ




iiif viewer powered by OpenSeadragon

165b - 166b

Texts on this page

Gdg008.9 - chos nyid zhi ba'i lha rgyud