e-texts navigator
Collection
Volume
Page
Wylie

165b1 རྒྱས་སོ།། དེ་བས་ཀྱང་སྣང་བ་དང་མི་སྣང་བ་གཉིས་སུ་མེད་པར་མཁྱེན་པས་སངས་རྒྱས་སོ།། དེ་བས་ཀྱང་དེ་རྣམས་ཀྱི་མཐུ་བརྟས་པས་སངས་རྒྱས་སོ།། ཆོས་ཐམས་ཅད་ནི་རང་བཞིན་མེད་ན་ཆོས་ཉིད་དོ།། མཚན་མ་མེད་ན་ཆོས་ཉིད་དོ།། སྟོང་པ་ཉིད་ན་ཆོས་ཉིད་དོ།། དངོས
165b2 མེད་ན་ཆོས་ཉིད་དོ།། སྐྱེ་བ་མེད་ན་ཆོས་ཉིད་དོ།། འགག་པ་མེད་ན་ཆོས་ཉིད་དོ།། འཕོས་པ་མེད་ན་ཆོས་ཉིད་དོ།། སེམས་ཅན་ཐམས་ཅད་ནི་མཐའ་ལ་མི་གནས་ན་སེམས་ཉིད་དོ།། དབུས་པ་མི་གནས་ན་སེམས་ཉིད་དོ།། མཐའ་དབུས་གཉིས་ཀ་ལ་མི་གནས་ན་སེམས་ཉིད་དོ།།
165b3 ཡོན་པ་ལ་མི་གནས་ན་སེམས་ཉིད་དོ།། མེད་པ་པ་མི་གནས་ན་སམས་ཉིད་དོ།། ཡོད་མེད་གཉིས་ཀ་མེད་ན་སེམས་ཉིད་དོ།། སྐྱེབ་ལ་མི་གནས་ན་སེམས་ཉིད་དོ།། འཆི་བ་བ་མི་གནས་ན་སེམས་ཉིད་དྲོ།། སྐྱེང་ཆེ་གཉིས་ཀ་པ་མི་གནས་ན་སེམས་ཉིད་དོ།། རྫོག་མ་ལ་མི་གནས
165b4 སེམས་ཉིད་དོ།། ཐ་མ་ལ་མི་གནས་ན་སེམས་ཉིད་དོ།། ཐོག་མ་དང་ཐ་མ་གཉིས་ཀ་པ་མི་གནས་ན་སེམས་ཉིད་དོ།། དེའི་ཤེས་པ་ཡེ་ཤེས་སོ།། དེ་ལྟ་བུའི་ཀླུང་དུ་གནས་པ་ལ་འཁྲུལ་པ་དང་ཕྱིན་ཅི་ལོག་པའི་དབང་གས། སེམས་ཅན་གྱི་གཟུགས་དང་དབྱིབས་རྣམ་གྲངས་ཐ
165b5 དད་པར་སྣང་ངོ་།། ཁ་དོག་དང་ཡུལ་གྲངས་ཐ་དད་པར་སྣང་ངོ་།། གནས་དང་སྤྱོད་པ་གྲངས་ཐ་དད་པར་སྣང་ངོ་།། དེ་ཡང་ཐམས་ཅད་དུ་རང་གི་སེམས་སོ།། དེ་འདུལ་བའི་དོན་དུ་སེམས་ཉིད་མསྐྱེས་པའི་ཐོང་ནས། ཀུན་ཏུ་བཟང་པོ་ཆོས་ཀྱི་སྲུང་བཞེངས་པའི་བྱིན་གྱིས་རྣམས་པས།
165b6 སངས་རྒྱས་ཀྱི་སྒྲ་དང་དབྱིབས་གྲངས་རྣམ་པ་ཐ་དད་པར་སྣང་ངོ་།། འོད་ཟེར་དང་ཞིང་ཁམས་གྲངས་རྣམ་པ་ཐ་དད་པར་སྣང་ངོ་།། བཞུགས་གནས་དང་ཕྲིན་ལས་གྲངས་རྣམ་པ་ཐ་དད་པར་སྣང་ངོ་།། དེ་ཡང་སྣང་ཙམ་ན་ཐམས་ཅད་རང་གི་སེམས་སོ།། སེམས་ཅན་གཅིག་གི་ལུས་པ
165b7 ཡང་འབྱུང་བ་ཆེན་པོ་ལྔས་བསྐྱེད་དོ།། སངས་རྒྱས་ཀྱིས་དེ་ལྟ་བུའི་རྡོས་པ་ཅན་མ་ཡིན་གྱི་ཆོས་ཉིད་དུ་མཁྱེན་པས། སངས་རྒྱས་ཀྱི་སྐུ་སྣང་ལ་དངོས་པོ་མེད་པར་བྱུང་བས། དེ་འདུལ་བའི་དོན་དུ་ཡེམཚན་མོ་ལྟར་སྡང་ངོ་།། སེམས་ཅན་གཅིག་གི་ལུས་ལ་ཕུང་པོ་ལྔ་ཚང་བར་གནས་སོ།།




iiif viewer powered by OpenSeadragon

165a - 166a

Texts on this page

Gdg008.9 - chos nyid zhi ba'i lha rgyud