e-texts navigator
Collection
Volume
Page
Wylie

164b1 གནས་ཤིང་དབུས་སུ་མི་འཛིན་པའོ།། སངས་རྒྱས་ནི་ཕྱོགས་སུ་མི་འཛིན་ཅིང་། ང་མི་བྱེད་པའོ།། སངས་རྒྱས་ནི་དང་དུ་མི་ལེན་ཅིང་ག་ཙོར་མིང་དྲེན་པ། སྐྱོན་དུ་མེང་དོ་ནིང་སྦྱང་བར་མི་བྱེད་པདོ།། དེ་བཞིན་དུ་དབྱིངས་དཔོ་འབྱུར་མེད་པའོ།། སེམས་སྐྱེ་ནི་མེད་པའོ།། རག་པའ
164b2 འབྲལ་མེད་པའོ།། གནག་ཞི་བཟང་ངན་མེད་པའོ།། རྟོག་པ་ལྷོ་དྲུ་བ་མེད་པའོ།། ཡེ་ཤེས་ལྡོག་འཇུ་མེད་པའོ།། དུས་ལ་ཉིན་མཚན་མེད་པའོ།། བསྒོམ་པ་འབྱུང་འཇུག་མེད་པའོ།། ཡུལ་མདུན་རྒྱབ་མེད་པའོ།། གསུང་ལ་སྐྱེ་གག་མེད་པའོ།། ཐུགས་པ་རྟག་ཚད་མེད
164b3 པའོ།། ཡོན་ཏན་བདེ་སྡུག་མེད་པའོ།། ཕྲིན་ལས་རྩོལ་བསྒྲུ་བ་མེད་པའོ།། དེ་ལྟ་བུ་ཞིག་གི་རང་བཞིན་ཡིན་ཀྱང་། ཆོས་ཉིད་སྐྱོན་དུ་མཐོང་བ་དང་། ཆོས་ཅན་མཚན་མར་འཛིན་པ་དང་། སེམས་ལ་དངོས་པོར་འཛིན་པ་རྣམས་ལ། རྣམ་པར་དབྱེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།།
164b4 ཡུལ་དང་དབང་པོའོ།། སེམས་དང་སྲུང་བའོ།། དྷི་དང་ནངངོ་།། དྷཱ་དང་བྲས་སྦྱའོ།། སངས་རྒྱས་དང་སེམས་ཅན་ནོ།། དེ་ལ་འམས་ཅན་ཐམས་ཅད་ནི། མ་ག་པས་སེམས་ཅནན།། དེ་བས་ཀྱང་ཐམས་ཅད་པ་ཆགས་པས་སེམས་ཅན་ནོ།། དེཔས་ཀྱང་ཐམས་ཅད
164b5 འཛིན་པས་སེམས་ཅན་ནོ།། དེ་བས་ཀྱང་འཛིན་པའི་མཐུ་བརྟས་པས་སེམས་ཅན་ནོ།། དེ་ལ་སངས་རྒྱས་ཐམས་ཅད་ནི། བསམ་པ་རྣམ་པར་དག་པས་སངས་རྒྱས་སོ།། དེ་བས་ཀྱང་ཐམས་ཅད་པམ་ཆགས་པས་སངས་རྒྱས་སོ།། དེ་བས་ཀྱང་ཐམས་ཅད་ལ་མི་འཛིན་པས་སངས
164b6 རྒྱས་སོ།། དེ་བས་ཀྱང་མི་འཛིན་པའི་མཐུ་བརྟས་པས་སངས་རྒྱས་སོ།། སེམས་ཅན་ཐམས་ཅད་ནི་ཡོད་པར་འཛིན་པས་སེམས་ཅན་ནོ།། དེ་བས་ཀྱང་ཡོད་ལ་རྟག་པར་འཛིན་པས་སེམས་ཅན་ནོ།། དེ་བས་ཀྱང་རྟག་ལ་ཐེར་ཟུག་པར་འཛིན་པས་སེམས་ཅན་ནོ།། དེ་བས་ཀྱང་ཐེར
164b7 ཟུག་པར་འཛིན་པའི་མཐུ་བརྟས་པས་སེམས་ཅན་ནོ།། སངས་རྒྱས་ཐམས་ཅད་ནི་གང་ལ་ཡོད་མེད་དུ་མི་བལྟ་བས་སངས་རྒྱས་སོ།། དེ་བས་ཀྱང་རྟག་པར་མི་འཛིན་པས་སངས་རྒྱས་སོ།། དེ་བས་ཀྱང་ཐེར་ཟུག་པར་མི་འཛིན་པས་སངས་རྒྱས་སོ།། དེ་བས་ཀྱང་ཐེར་ཟུག་པར་མི་འཛིན




iiif viewer powered by OpenSeadragon

164a - 165a

Texts on this page

Gdg008.9 - chos nyid zhi ba'i lha rgyud