| | e-texts navigator
|
161b1 སིང་ག་དམ་ལྡན་འདུལ་བ་པ།། ཏ་འཛིན་ཕྲུ་ཕ་ཊ་མདང་གཟུང་ཕངས།། བགང་པས་ཚིམ་པ་ལྷས་ལན།། ཀུན་ཏ་བཟང་པོའི་བྲུབ་སས།། དབབས་པས་མཁས་མྱུར་དུ་ཉམས།། གཟུང་བ་མི་ག་པས་འདི་ཡང་ཟུང་།། བརྗོག་པ་མི་མབས་ཆུ་དང་སྣང་།། དགྲམ་པ་མིམཁས་ན
161b2 འགྱུར།། ཀུན་ཏུ་བཟང་མོའི་མཁས་པ་བཞི།། དབབ་པར་མཁས་པས་རུས་སྦལ་འབྲོས།། གཟུང་མཁས་ལུས་ངག་འགྱུར་བ་གསུམ།། འཕྲོག་མཁས་དུད་འགྲོའི་འགྱུར་བ་བའི།། ཁྱབ་མཁས་ན་མ་གྲོ་ལ་ཕྱག་རྒྱ་བཅའ།། འདོད་ཆགས་ཐར་བ་བྱེང་ཆུབ་སེམས།། བཞི་བཅཝ་རྩ
161b3 ལྷུན་གྱིས་གྲུབ།། ཅེས་གསུངས་སོ།། ཞི་བ་ནུད་ཆེན་པོ་ལས། ལམ་དབང་དུ་བྱ་བ་ཆགས་ལམ་ལྷ་རྒྱུད་ཀྱི་ལེའུ་སྟེ་དྲུག་པའོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། དགོངས་པའི་ཕྲིན་ལས་འདི་དག་ཡོངས་སུ་རྫོགས་པར
161b4 གསུངས་སོ།། བྷྲཱུཾ་ཆོས་ཉིད་སྤོས་དང་བྲལ་བའི་རང་བཞིན་ལས།། ཅིར་འདུལ་ཐབས་ཀྱིས་བསྟན་པའི་ལས་མཛད་པ།། བདེ་གཤེགས་དཀྱིལ་འཁོར་ཐིག་ལེ་ཆེན་པོ་ནས།། འཁོར་འདས་བྱང་ཆུབ་སེམས་ཀྱི་རྒྱུན་ཡང་འབེབས།། ལོངས་སྤྱོད་དཀྱིལ་འཁོར་ཆེན་པོའི་ཞལ་ཧོམ་དུ།
161b5 འདོད་ཡོན་ལྔ་ཡི་མཆོད་པས་དགྱེས་མཛད་ཅིང་།། ཆོས་དབྱིངས་དཀྱིལ་འཁོར་ཆེན་པོའི་ཀློང་ཡངས་ནས།། འཁོར་དང་མྱ་ངན་འདས་པ་ཀུན་མཁྱེན་ཞིང་།། སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་བདེ་བ་འབེབས།། འགྲོ་དྲུག་སྐྱེད་མཛད་མྱ་ངན་འདས་པར་འདྲེན།། དཀྱིལ་འཁོར་བཞི་ཡི
161b6 བདག་པས་ཕྲིན་ལས་མཛད།། དང་པོ་སངས་རྒྱས་རྣམ་པར་སྣང་མཛད་ནི།། ཡི་གེ་ཨཱཾ་ལས་བསྐྱེད་ནས་སྤུ་རུ་སྡང་།། སངས་རྒྱས་སྣང་མཐའ་ཚེ་དཔག་མེད་པ་ནི།། ཡི་གེ་ཨཱཿལས་བསྐྱེད་ནས་གསུང་དུ་སྣང་།། བདེ་གཤེགས་རྡོ་རྗེ་སེམས་དཔའ་མི་བསྐྱོད་པ།། འགྱུར་མེད་ཧཱུཾ་པས
161b7 སྤྲུབ་ནས་ཐུགས་སུ་སྣང་།། ཡོན་ཏན་རིན་འབྱུང་སངས་རྒྱས་དཀོན་མཆོག་དཔལ།། སཱ་ལས་སྤྲུལ་ནས་ཡོན་ཏན་ཡིད་བཞིན་སྣང་།། ལས་མཛད་གྲུབ་པ་གདོན་མི་ཟ་བ་ནི།། ཧྲ་ལས་སྐྱེས་ནས་ཕྲིན་ལས་མཛད་པར་སྣང་།། རིགས་ཀྱི་སངས་རྒྱས་ལྔ་ཡི་རང་བཞིན་གྱིས།། གྲུབ་པ་སྔགས
iiif viewer powered by OpenSeadragon
161a - 162a