e-texts navigator
Collection
Volume
Page
Wylie

160a1 བརྟག།། བྱང་སེམས་རང་རྒྱུད་བཀྲ་ཤིས་བྱེང་།། ཐུབ་པས་ཉོན་མོངས་འདུལ་ཞིང་སྐྱོང་།། ཀུན་བཟང་ཐབས་ཤེས་འཟལ་པར་བརླབ།། ཁྲོ་བོས་མཚམས་གཅོད་གདུག་པ་འདུལ།། གདམ་ཁྲིས་འདུལ་བར་དགོངས་པ་དང་།། ཆོས་བྱུང་ཁོར་ལོ་བཀོད།།
160a2 པའི་གདན།། འོག་གཞི་འཁོར་ལོ་རྩིབས་བཞི་བར།། དགོས་འདོད་རེ་བ་སྐོང་བས་ན།། ཡིད་བཞིན་རིན་ཆེན་ཁྲི་དང་བརྩེགས།། ཡོན་ཏན་ཆ་བས་བཅོམ་པས་ན།། སྟོབས་བཅུ་ཚང་བ་གླང་པོའི་གདན།། མི་འཇིགས་བཞི་བཅོམ་སེང་གེ་ཉིད།། རྫུ་འཕྲུལ་རྐང་བཞི་རྟ་ཡི་གདན།
160a3 དབང་བཅུ་མཚོན་པས་རྨ་བྱལ།། ཕྲིན་པས་ཐོགས་མེད་ནམ་མཁའ་ལྡིང་།། ས་ཡི་ཁྱད་པར་བགྲོད་པས་ན།། ཉི་མ་ཐ་བ་པདྨའི་གདན།། འབྲས་བུའི་ས་གསུམ་གནོན་པའོ།། གནས་ཀྱིས་འདུལ་བར་དགོངས་པ་ལ།། ཁྱད་པར་འཕགས་པ་འོག་མིན་གནས།། གཞན་མིན་རང་སྣང་།
160a4 སྤྲུལ་པའི་ཁྱིམ།། གསང་བ་ཡུམ་གྱི་བྷ་ག་ཉིད།། དེ་ཉིད་ཀུན་གཞི་ཕོ་བྲང་ལ།། གདོས་པ་ཅན་ལས་རབ་གྲོལ་བས།། ཕྱི་ནང་མེད་པར་གསལ་བ་ནི།། ཤེལ་གྱི་ཕོར་པར་བཅུད་བཞག་འདྲ།། ཁྱད་པར་ཞིང་ཁམས་ལྔར་ཡང་སྣང་།། ཞེས་གསུངས་སོ།། ཞི་བ་ལྷ་བྱུང་ཆེན་པོ
160a5 ལས། ཇི་ལྟར་གདུལ་བར་བྱ་བསྐུལ་པར་བྱུང་བའི་ལེའུ་བྷལ་པའོ།། ། དེ་ནས་བཅོམ་ལྡན་དདས་རྣམ་པར་སྣང་མཛད་ཀྱིས་དེ་ཉིད་ལམ་དུ་བྱ་བང་དི་དག་གསུངས་སོ།། དེ་བཞིན་གཤེགས་པ་རིགས་ལྔ་པ།། ལམ་ནི་རྣམ་པ་གཉིས་ཡོད་དེ།། གྲོལ་ལམ་ལྕི་བ་བསྟན
160a6 དང་།། ཐབས་ལམ་དབང་གིས་བགྲོད་པར་བཤད།། ལྟ་བ་བདེན་པ་དབྱེར་མེད་ཉིད།། སྒོར་འདུན་ར་བ་ཉིད་དུ་གནས།། བདེར་གཤེགས་དབྱེལ་ཁོར་སྤྱན་དྲངས་ནས།། མཆོད་པས་རབ་ཏུ་དགྱེས་པར་བྱ།། རང་གི་གནས་རྣམས་སྤང་པར་བྱ།། ཡི་གེ་ཨ་དཀར་པས་སྐྱེ
160a7 རི་རབ་རྗེ་ལ་ལྷ་ཡི་གནས།། ལྷ་མ་ཡིན་གྱི་སུམ་ག།། རི་བ་ཁོར་སེར་ནང་ན་གནས།། གླིང་བ་ནི་མིན་རྡོ་སྔོན་པོ།། བཞི་དིང་གླིང་ཕྲད་བདྲུ་གཉིས་གནས།། བྱོལ་སོང་དུ་ཡིག་བུང་ག་ནི།། གྱི་ཡི་རྒྱ་མཚོ་ནང་ནའོ།། ཕྲེད་མེར་ལས་གྱེས་ཡེ་དྲགས་རྣམས།




iiif viewer powered by OpenSeadragon

159b - 160b

Texts on this page

Gdg008.8 - zhi ba lha rgyud chen po