| | e-texts navigator
|
15b1 རྒྱས་ཀུན་གྱི་སྒྲ་འི་མཆོག། སྣ་ཆོག་ལས་ཕྱུང་ཁྱོད་ལ་འདུད།། སངས་རྒྱས་ཀུན་གྱི་གསུང་གི་མཆོག། རྣམ་དག་སྒྲ་ཆེན་ཁྱོད་ལ་འདུད།། སངས་རྒྱས་ཀུན་གྱི་ཐུག་ཆེན་པོ།། ཡེ་ཤེས་གཙོལ་ཕྱག་འཚལ་འདུད།། སངས་རྒྱས་ཡེ་ཤེས་རྡོ་རྗེ་ཅན།། རྡོ་རྗེ་འཛིན་ལ་ཕྱག་འཚལ་འདུད།། ཆོས་ཀྱི་འཁོར་ལོས་རབ
15b2 སྣང་བ།། སངས་རྒྱས་མཁོར་ལོ་ཁྱོད་ལ་འདུད།། ནོར་བུ་འཛིན་པ་ཁྱོད་ལུ་འདུད།། པདྨ་པདྨ་འཆང་ལ་འདུད།། སྣ་ཚོགས་ལས་ལ་ཕྱག་འཚལ་ལོ།། ཞེས་གསོལ་བ་བཏབ་པོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ནི། དེ་བཞིན་ཉིད་ལ་དམིགས་ནས་ཅང་མི་གསུང་བར་འཇུག
15b3 སོ།། དེ་ཚེ་རིགས་ལྔའི་བདེ་བར་གཤེགས།། འཁོར་རྣམས་རྒྱ་མཚོར་བཅས་རྣམས་ཀྱིས།། འདུལ་བའི་ཐབས་ནི་སྣ་ཚོགས་ཀྱིས།། འགྲོ་རྣམས་སྣ་ཚོགས་འདུལ་བར་གྱུར།། ལ་ལར་སྐུ་ཡི་དོན་མཛད་པ།། འགྲོ་རྣམས་ཀུན་ལ་སྡིག་སོང་གཟུགས།།
15b4 སྤྲུལ་པས་སོ་སོར་འདུལ་བ་ནི།། དམྱལ་བ་རྣམས་ལ་གཤེད་པོས་འདུལ།། པྲེ་ཏ་རྣམས་ལ་ཁ་འབར་གཟུགས།། དུད་འགྲོ་རྣམས་ལ་སེང་གེའི་གཟུགས།། མི་རྣམས་ཀུན་གྱི་འཇིག་རྟེན་དུ།། འཁོར་ལོས་སྒྱུར་རྒྱལ་ལྟ་བུའི་ཚུལ།། ལྷ་མིན་རྣམས་ལ།།
15b5 ཐགས་བཟང་གཟུགས།། ལྷ་རྣམས་ལ་ནི་བརྒྱ་བྱིན་གཟུགས།། ཚངས་རིས་རྣམས་ལ་ཚངས་ཆེན་གཟུགས།། ཆགས་བྲལ་རྣམས་ལ་དགྲ་བཅོམ་གཟུགས།། རང་རྒྱལ་རྣམས་ལ་བསེ་རུའི་ཚུལ།། ས་བཅུའི་བྱང་ཆུབ་སེམས་དཔའ་ལ།། སྐུ་ནི་རྣམ
15b6 པར་སྣང་མཛད་ཚུལ།། འགྲོ་རྣམས་ཇི་ལྟར་འདུལ་བ་ལ།། མཐུན་བྱས་གཟུགས་ནི་སྣ་ཚོགས་འདུལ།། འགྲོ་རྣམས་ཇི་ལྟར་འདུལ་བ་བཞིན།། ཆོས་ཀྱི་འཁོར་ལོ་སྣ་ཚོགས་ནི།། ལ་ལང་སྡེ་སྣོད་གསུམ་དག་ཏུ།། བསྡུས་ནས་ཆོས་ཀྱི་འཁོར་ལོ་བསྐོར།།
15b7 ལ་ལ་རེ་གསུང་རབ་བཅུ་གཉིས་སོ།། ལ་ལ་སྟོང་ཕྲག་བརྒྱ་བཅུ་བཞི།། གཏི་མུག་རྨོངས་པའི་འགྲོ་རྣམས་ལ།། སངས་རྒྱས་འཁོར་ལོས་འཁོར་ལོ་བསྐོར།། གི་ལྡེང་ཆེ་ལ་རྡོ་རྗེ་འདོན།། རྡོ་རྗེ་འཁོར་ལོ་རབ་ཏུ་བསྐོར།། དཀྱིལ་ཅན་ལ་རིན་པོ་ཆེའི།། འ
iiif viewer powered by OpenSeadragon
15a - 16a