| | e-texts navigator
|
159b1 དོད་གསཔ་སྐང་།། འཇམ་དཔལ་ལྗང་སེར་ཨུཏྤ་ལ།། ཡུམ་ནི་དྲི་ཆབ་སྲིན་མཐེབ་འཐོར།། རིགས་བདག་ཐམས་ཅད་དབྱེར་མེད་པས།། ཀུན་བཟང་ཡབ་ཡུམ་མཉམ་གཞག་རྒྱུ།། ལྷ་རྣམས་ལེ་པོས་གཡེངས་པ་ལ།། བརྩོན་འགྲུས་མཐར་ཕྱིན་པི་ཝང་རོལ།། ལྷ་མིན་ཁོད་ཁྲོ
159b2 འཐབ་རྩོད་ལ།། འདུལ་ཕྱིར་བསམ་གཏན་གོ་མཚོན་བསྣམས།། མི་རྣམས་འདོད་ཆགས་བཟའ་བཏུང་ཆགས།། དེ་ཕྱིར་ཚུལ་ཁྲིམས་གསེག་པར་བསྣམས།། བྱོལ་སོང་གཏི་མུག་འཐིབབས་པ་ཕྱིར།། པོ་ཏི་ཤེས་རབ་ཕ་རོལ་ཕྱིན།། ཡི་དྲགས་བཀྲེས་སྐོམ་འཇུངས་པས་ན།
159b3 དེཕྱིར་སྦྱིན་པ་རིན་ཆེན་སྒྲོམ།། དམྱལ་བ་ཞེ་སྡང་ཚ་གང་ལ།། མེ་ཆུ་བཟོད་པའི་ཕ་རོལ་ཕྱིན།། འཆི་བ་དག་བདུད་འདུལ་འཁོར་བ་འདྲེན།། གཤིན་རྗེ་ཐོད་དབུག་ལྕགས་ཀྱུ་ཡུམ།། སྟོབས་ཆེན་ཕུང་པོའི་བདུད་འདུལ་བས།། རྡོ་རྗེ་གནོན་ཏེ་ཞགས་པ་ཡུམ།། ཉོན་མོངས་བདུད་འཇོམས
159b4 རྟ་མགྲིན་དཔཔ།། ཐོད་སྦྲུལ་བསྣམས་ཏེ་ལྕགས་སྒྲོག་ཡུམ།། ལྷ་བདུད་བདུད་རྩི་འཁྱིལ་དངུལ་བས།། རྡོ་རྗེ་རྒྱ་གྲམ་དྲིལ་བུ་ཡུམ།། ཞི་བའི་མཛད་པས་འདུལ་དོན་དུ།། ཡབ་ཀྱི་སྐུ་ཡི་ཚུལ་བཞི་ནི།། གསལ་ཚེར་ལྷན་སྡུག་གཟི་བྱིན་ལྡན།། ཡུམ་གྱི་ཚུལ་ལྔ་ལྡན་པས་ན།། མཉེན
159b5 ལྷག་འཁྲིལ་ལྡེ་མ་གཞོན་ཚུལ་ཅན།། ཐུབ་དྲུག་སེམས་དཔའ་དོན་མཛད་པས།། འོད་ཟེར་འགྲོ་བའི་ཚོགས་ཆེན་པོ།། སྒོ་སྐྱོང་གདུག་པ་འདུལ་བས་ན།། འབར་པའི་འཕྲེང་བས་འཁྲིགས་པ་སྟེ།། སྤྱིར་ནི་ཀུན་དང་ཀུན་བཟང་ཡུམ།། མཐའ་དབུས་མེད་པར་ཁྱབ་པའོ།། བཞུགས
159b6 ཐབས་འདུལ་བར་དགོངས་པ་ལས།། སངས་རྒྱས་རྣམས་ནི་ལབ་ཡིན་པས།། རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས།། རིག་མ་གཟུངས་མ་ཡུམ་རྣམས་ནི།། པདྨའི་སྐྱིལ་མོ་ཀྲུང་དུ་བཞུགས།། བྱང་ཆུབ་སེམས་དཔའ་ཡབ་ཡུམ་རྣམས།། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས།།
159b7 ཐུབ་པ་འགྲོ་བའི་དོན་མཛོད་པས།། བཞེངས་ནས་གདུལ་བྱར་མཐུན་པར་བཞུགས།། སྒོ་བ་གདུག་པ་འདུལ་བས་ན།། ཡབ་ལུམ་བབྱངས་བསུམས་དོར་ཐབས་བཞུགས།། ཕྲིན་ལས་དངུལ་བར་དགོངས་པ་ལ།། ཡབ་ལྔས་ཕུང་པོ་བྱིན་གྱིས་བརླབ།། ཡུམ་ལྔས་འབྱུང་བ་བྱིན་གྱིས
iiif viewer powered by OpenSeadragon
159a - 160a