e-texts navigator
Collection
Volume
Page
Wylie

158b1 བསྒྱུར་བས་འདུལ་བ་ལ།། རྟག་པ་ཆེན་པོ་ཤདྡྷ་སྟེ། མི་བསྐྱོད་ཨིནྡྲ་ནཱི་ལའི་མདོག། རིན་ཆེན་འབྱུང་ལྡན་བཅོམ་གསེར།། པདྨ་རཱག་ཚེ་དཔག་མེད།། དོན་གྲུབ་ཨིནྡ་ནཱི་ལ་ཡིན།། རིགས་མཐུན་མདོག་ཏུ་གནས་པའམ།། ཡང་ན་ཉི་ཤུ་རྩ་ལྔར་སྟོན།། ཞབ་ཕྱག་འདུལ
158b2 དགོངས་པ་ལ།། ཆོས་སྐུ་སྤྲོས་པ་མེད་པའི་ཕྱིར།། ཞལ་ནི་གཅིག་ཏུ་བསྟན་པ་ཡིན།། དབྱིངས་དང་ཡེ་ཤེས་འབྲེལ་བའི་ཕྱིར།། ཕྱག་ནི་གཉིས་སུ་བསྟན་པ་ཡིན།། ཐབས་དང་ཤེས་རབ་མཉམ་པས་ན།། ཞབས་ཀྱང་རྡོ་རྗེའི་སྐྱི་ལ་ཀྲུང་བཞུགས།། བཀྲི་དང་འབྲས་བུ་རྣམ་ཐར
158b3 གསུམ།། ངེས་དོན་འབྲས་བུ་སྐུ་གསུམ་སྣང་།། དེ་ཕྱིར་ཞལ་ཡང་གསུམ་དུ་བསྟན།། ངེས་པར་ཆོས་ཉིད་ཞལ་ལས་འདས།། ཕ་རོལ་ཕྱིན་དྲུག་སྣང་བ་ཡང།། སྦྱིན་པ་བཏང་ཞིང་ཚུལ་ཁྲིམས་བསྲུངས།། བརྩོན་འགྲུས་བརྩམས་ཤིང་བསམ་གཏན་བསྒོམས། བཟོད་པ
158b4 བསྒོམས་ནས་ཤེས་རབ་རྟོགས།། ཧཱུཾ་ཡི་ལམ་ནས་བགྲོད་འདུལ་བ།། རྡོ་རྗེ་ཕྱག་ཀྱང་དྲུག་ཏུ་བྱུང་།། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་།། ཆོས་དབྱིངས་མེ་ཕོང་ལྟ་བུ་དང་།། སོ་སོར་རྟོག་དང་མཉམ་པ་ཉིད།། བྱ་བ་གྲུབ་པར་བཟང་ཕྱིན་པས།། འབྲས་བུའི་སྒོ་ནས་མཐར་ཕྱིན་པས།
158b5 རྡོ་རྗེའི་ཕྱག་མཚན་དྲག་པོ་རྣམས།། དབྱིངས་དང་ཡེ་ཤེས་མི་འབྲལ་ཞིང་།། ཐབས་དང་ཤིས་རབ་སྐྱོང་བ་དང་།། སྣང་སྟོང་ཐུང་དུ་འཇུག་པ་དང་།། ཡུལ་སེམས་དབྱེར་མེད་སྣང་བས་ན།། གདུལ་བྱའི་ཤེས་པར་གྲོབ་མཚོན་པས།། ཡབ་ཡུམ་ཞབས་དང་སྐྱིལ་ཀྲུང་འབྲེལ།།
158b6 ཆོས་འདུལ་བར་གྱུར་པ་པ།། རིག་པའི་དབང་ལྔ་རྫོགས་པ་དང་།། རིགས་གཅིག་རིགས་ལྔ་དབྱེར་མེད་ཀྱི་།། དབུལ་རིན་ཆེན་ཟེང་ཐོག་པ།། ཀུན་འདང་ནང་དུ་སེམས་བཟློག་པས།། གཙུག་ཏོར་པོར་ཚུགས་ཡིད་བཞིན་བར།། མྲ་སྟེགས་ལྟ་ངན་རབ་འཇོམས་པས།
158b7 བོརལ་པའི་ཚེ་དང་ནི་འཕྱང་།། རོ་རྒྱང་ཐབས་དང་ཤེས་རབ་ལྡན།། ཕྱོགས་རྣམས་མཛེས་པའི་ཅོད་པ་ན་མཛེས།། རིགས་རྣམས་འདེ་བས་གར་བས་ན།། མཏོག་རྒྱན་པོསཐ~ཾད་བཅིངས་མཛེས།། བྱང་རྦབ་ཡན་ལག་བདུན་ལྡན་པས།། རྡོ་དྲན་མཐུལ་ཆུང་བུང་རྒྱན་དང་།




iiif viewer powered by OpenSeadragon

158a - 159a

Texts on this page

Gdg008.8 - zhi ba lha rgyud chen po