| | e-texts navigator
|
158a1 སྔགས་དང་ཟུང་།། གསང་བ་མེ་རླུང་འཁོར་ལོ་ལ།། ཐུབ་པ་གདོན་མི་ཟབ་ལ།། ཕྱག་ན་རྡོ་རྗེ་གར་མ་དང་།། དངམ་དཔལ་དྲི་ཆབ་མ་ཡིས་བསྐོར།། འཁོར་ལོ་བདུད་རྩི་ཡི་གེ་གཡོས།། འདི་ནི་ཕྲིན་ལས་འཁོར་ལོ་ཡིན།། གནས་བརྩ་ཡི་རང་བཞིན
158a2 ལས།། དཀྱིལ་འཁོར་སྤྲོས་པ་བསྒོམ་པར་བྱ།། གྲུབ་པ་སྔགས་ཀྱི་ཡི་གེ་ལས།། ཚོམ་བུ་སྤྲོས་པ་བསྒོམ་པར་བྱ།། ལུས་ཁམས་བདུད་རྩི་ཐིག་ལེ་ལས།། ཞལ་ཕྱག་སྤྲོས་པ་བསྒོམ་པར་བྱ།། སྙིང་པོ་རླུང་གི་ཡན་ལག་ལས།། རྣམ་གྲངས་སྤྲོས་པ་བསྒོམ་པར་བྱ།། རྣལ་འབྱོར
158a3 བློ་ཡི་ཁྱད་པར་ལས།། ཆུ་ལས་ཉ་ལྗང་ཇི་བཞིན་དུ།། སྙིང་པོ་བརྗོད་པས་ཕྱག་རྒྱར་གསལ།། ཅིག་ཆར་ལམ་དུ་བསྒོམ་པར་བྱ།། སྲིད་པ་མངལ་ནས་ཆགས་ཚུལ་དུ། ལོ་དང་ཟླ་བས་སྨིན་པ་བཞིན།། ཆུ་རྐྱེན་འདུས་པ་ལས་བྱུང་བ།། རིམ་གྱིས་བསླབས་ཏེ་བསྒོམ་པར་བྱ།། ཞེས
158a4 གསུངས་སོ།། ཞི་བ་ལྷ་ཆུད་ཆེན་པོ་ལས། རང་རྒྱུད་ཕུང་པོ་ལེན་འ་སེམས་ཅན་ཐམས་ཅད་ལ་གནས་པསྟེ་ལེའུ་བཞི་པའོ།། དེ་ནས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱིས་གདུལ་བྷ་ཐམས་ཅད་ཞིང་དག་པར་གཟུང་བ་འདི་གསུངས་སོ།། ཇི་ལྟར་གདུལ་བྱ
158a5 བྱུང་ནས།། དེ་ཉིད་ལམ་དུ་བྱས་པ་ཡི།། ཆོས་འདི་སྡོད་ལྡན་ཀུན་དོན་དུ།། རྡོ་རྗེ་སྙིང་པོ་ཉིད་ལ་བཤད།། སངས་རྒྱས་ཀུན་ཏུ་བཟང་པོ་ཉིད།། སྟོང་གསུམ་ཞིང་ཁམས་གྲངས་མེད་པར།། ཐུབ་པའི་དཀྱིལ་འཁོར་ཀུན་སྤྲོས་ནས།། ཁམས་གསུམ་སེམས་ཅན་མཐའ་ཡས་པ།
158a6 འདུལ་ཕྱིར་དཀྱིལ་འཁོར་སྣ་ཚོགས་པ།། ཡིད་བཞིན་ནོར་བུ་བཞིན་དུ་སྣང་།། གང་ཞིག་རིགས་ཀྱིས་འདུལ་བ་ལ།། གཏི་མུག་ཅན་ལ་བདེ་གཤེགས་རིགས།། ཞེ་སྡང་འདུལ་ཕྱིར་མི་བསྐྱོད་པ།། ང་རྒྱལ་ཅན་ལ་དཀོན་མཆོག་དཔལ།། འདོད་ཆགས་འདྲ་ཚེ་དཔག་མེད།། ཕྲག
158a7 དོག་དོན་གྲུབ་ལས་ཀྱི་རིགས།། རིགས་ལྔར་གཏོགས་པ་འདི་དག་གིས།། འདོད་དང་ཐར་པར་བསྲུབ་ཕྱེད།། གང་གིས་མཚོན་པས་འདུལ་བ་ལ།། རང་བཞིན་སྲ་མདོག་སྣང་བ་ཡང་།། སྣུམ་ཞིང་དངས་ལ་མཛེས་ཤིང་སྲུག། དབྱིབས་མཛེས་མདངས་གསལ་མདོག་ཕྱེད་འཕྲོ།། གང་ཞིག
iiif viewer powered by OpenSeadragon
157b - 158b