| | e-texts navigator
|
157b1 བདག་གཞན་བྲལ་བས་ལྷ་མི་ན་ཐུག།། ཕྲག་དོག་ལྷ་ཡི་གནས་སྣང་བས།། ཕྲག་དོག་ལྕགས་འགྲོལ་ལྷ་ལ་ཐུབ།། སྲས་ཀྱི་འདུས་ཏེ་རེག་པ་ནི།། རྡོ་རྗེ་རག་པགཤིན་རྗེའི་གཤེད།། རེག་པ་སྲབས་ཡིན་ཏེ།། རྟོག་པར་མ་ཡིན་ལྕགས་སུ་མ།། ལུས་ཀྱི་དབང་པོ་རག་བྱེད
157b2 ཉིད།། ཡབ་ཀྱི་རྡོ་རྗེ་སྟོབས་པོ་ཆེ།། གཤེར་བར་འབྱུང་བ་ཅུ་ཉིད་སྟེ།། ཆད་པར་མ་ཡི་ནཱ་ཞགས་པ་མ།། ལུས་ཀྱི་ཡུལ་ནི་རིག་བྱ་ཉིད།། ཡུམ་གྱི་པདྨ་རྟ་མགྲིན་དཔལ།། ཚ་ཞིང་དྲོ་བ་མེ་པིན་ཏེ།། བདག་ཏུ་མ་ཡིན་ལྷགས་སྒྲོག་མ།། ལུས་ཀྱི་རྣམ་པར་ཤེས་པ་ནི།། དམ་རྫས
157b3 དཀར་དམར་བདུད་རྩི་འཁྱིལ།། གཡོ་རླུང་སྟོད་པདེའི་ནམ་མཁའ་ནི།། མཚན་མར་མ་ཡིན་དྲིལ་བུ་མ།། སྲིད་གསུམ་ཁམས་གསུམ་སེམས་ཅན་ལ།། ཡེ་ནས་རང་ལ་ལྷུན་གྱིས་གྲུབ།། རང་གནས་ཆེན་པོ་རྟོགས་གྱུར་ནས།། རང་བཞིན་དཀྱིལ་འཁོར་བསྐྱེད་པར་བྱ།། དེ་ནས
157b4 བཅོམ་ལྡན་འདས་དཀོན་མཆོག་དཔལ་གྱིས། ཚོམ་བུའི་དཀྱིལ་འཁོར་རང་ལ་གནས་པ་འདི་གསུངས་སོ།། སྤྱི་གཙུག་བདེ་ཆེན་དཀྱིལ་འཁོར་ན།། རྣམ་པར་སྣང་མཛད་ཡབ་ཡུམ་ལ།། སྒོ་བ་ཡབ་ཡུམ་བརྒྱད་ཀྱིས་བསྐོར།། འདི་ནི་སྐུ་ཡི་དཀྱིལ་འཁོར་ཏེ།། རྩ་དང་ཐིག་ལེ་སྔགས
157b5 དང་རླུང་།། དབུ་ཡི་གཙུག་ཏོར་རྩེ་མོ་ནི།། རིགས་བདག་ཀུན་བཟང་ཡབ་ཡཱམ་ལ།། ཐུབ་དྲུག་སྤྲུལ་པའི་འཁོར་གྱིས་བསྐོར།། འདི་ནི་སྤྱི་ཡི་དཀྱིལ་འཁོར་ཡིན།། མགྲིན་པ་ལོངས་སྤྱོད་དཀྱིལ་འཁོར་ལ།། སྣང་བ་མཐའ་ཡས་ཡབ་ཡུམ་ལ།། སྙན་རས་གཟིགས་དདབུམ
157b6 དང་།། ཀུན་བཟང་མར་མེ་མ་ཡིས་བསྐོར།། འདི་ནི་གསུང་གི་དཀྱིལ་འཁོར་ཉིད།། གནས་རྟེན་གྲུབ་པས་གཡོ་བར་གྲུབ།། སྙིང་ག་ཆོས་ཀྱི་འཁོར་ལོ་ལ།། མི་བསྐྱོད་ཡབ་དང་ཡུམ་དུ་བཅས།། ས་ཡི་སྙིང་པོ་སྒེག་མོ་དང་།། བྱམས་པ་བདུག་སྤོས་མ་ཡིས་བསྐོར།། འཁོར
157b7 ལོ་ཐིག་ལེ་སྔགས་དང་རླུང་།། འདི་ནི་ཐུགས་ཀྱི་དཀྱིལ་འཁོར་ཉིད། ལྟེ་བསྤྲུལ་པའི་དཀྱིལ་འཁོར་ནས། དཀོན་མཆོག་དཔལ་ནི་ཡབ་ཡུམ་ལ།། ནམ་མཁའི་སྙིང་པོ་ཕྲེང་བ་མ།། སློབསེལ་མེ་ཏོག་མ་དང་བཅས།། འདི་ནི་ཡོན་ཏན་འཁོར་བཅས་ཏེ།། འཁོར་ལོ་ཁམས་བརྡུད
iiif viewer powered by OpenSeadragon
157a - 158a