| | e-texts navigator
|
157a1 གེའི་གདན།། མཁལ་མ་སྟོབས་བ་ཀྲ་གླང་པོར།། མརྠ་རབ་རྫུ་འཕྲུལ་རྟ་པ་ཁྲེ།། མཆིན་པ་དབང་བཅུ་མ་བྱ་ཉིད།། ཟླ་བཟུགས་མེད་ནམ་མཁང་ལྟུང་།། ཕོ་བ་རིན་ཆེན་ཁྲི་རྐང་ལ།། མཆིན་དྲི་དཀར་ནག་ཏི་ཟླའི་གདན།། རྒྱུ་ཡང་ཆགས་མེད།
157a2 པདྨ་ཡིན།། ཁྱབ་བྱེད་གཟུགས་ཕུང་རྣམ་སྣང་མཛོད།། སྲོག་འཛིན་རྣམ་ཤེས་མི་བསྐྱོད་པ།། མེ་མཉམ་ཚོར་བ་རིན་ཆེན་འབྱུང་།། གྱེ་ན་རྒྱུ་འདྲ་ཤེས་སྣང་མཐའ་ཡས།། ཐུ་སིལ་འདུ་བྱེད་དོན་ཡོད་གྲུབ།། སྲ་བ་ས་ནི་སངས་རྒྱས་སྤྱན།། ནམ་མཁའ་དབྱིངས་ཕྱུག་མ་ཉིད
157a3 ལ།། མཉེན་པའི་ཆུ་དབྱིངས་མཱ་མ་ཀ།། དྲོ་བའི་མེ་དབྱིངས་གོས་དཀར་མོ།། བསྐྱོད་པའི་རླུང་ནི་དམ་ཚིག་སྒྲོལ།། བཅུད་ནི་ཡབ་ལ་སྣོད་ནི་ཡུམ།། སྤྱད་བྱར་གྱུར་པའི་བཙུན་མོ་ཡིན།། ཆུ་བས་སྙིང་མེ་རླུང་མིག། གཟུགས་ནི་སྒེག་མོར་གནས་པའོ།། ཤིན་ཏུ་རྒྱུ་བ་ནམ་མཁའ
157a4 ཉིད།། ནམ་སྟེང་སཱ་ལ་གནས་པ་དང་།། དྲི་ནི་ལྷ་མོ་ཕྲེང་བ་མོ།། མངོན་པར་ཆུབ་སྨན་རས་གཟིགས།། རྡོན་ཆོན་པར་བྱེད་པ་སྟེ།། རིན་ལྷ་མོ་གླུ་ལེ་ན་མ།། རབ་ཏུ་ཆུབ་ཕྲག་དྲོང་ཉིད།། རྣ་བ་ལ་གནས་ཐོས་པ་ལ།། སྒྲ་ནི་ལས་ཀྱི་གར་བྱེད་མ།། རྣམ་ཤེས་དབང
157a5 པོའི་བྱང་ཆུབ་སེམས།། ཡུལ་ལ་སྣང་བ་མཆེད་པ་དང་།། ཐོབ་པར་བྱེད་པ་སྣང་བ་གསུམ།། བྱམས་པཱ་མེ་ཡི་ཆུང་དུ་བཤད།། དཔྱིད་ནི་འདས་དུས་ཟློས་མེ་མ།། སྒྲིབསེ་ལ་སྣ་ཡི་རླུང་ཡིན་ཏེ།། དེ་ལྟར་དབྱར་ནི་མེ་ཏོག་མ།། ཀུན་བཟང་མེ་ནི་མངོན་པར་བྱ།། འབྱུང་དུས་སྟོན་ཏེ།
157a6 མར་མ་མ།། འཇམ་དཔལ་རླུང་ཉིད་གནས་པ་ཡང་།། མངེས་དགུན་དྲི་དྲི་ཆ་བ་མ།། དབང་པོར་སྭཱཏ་བཞི་ལྷ་འདྲི་ཀུན།། དང་ལ་ཡཻ་ནས་དུས་སྤྱོད་ཡུལ།། ཡིད་ནི་སྙི་རྔ་ཐབས་མ་ཎྜི་ག་ཡབ།། ཆོས་ནི་སྟོང་པ་ཤེས་རབ་ཡུམ།། ཞེ་སྡང་དམྱལ་བར་སྣང་བ་ཡང་།། ཐུབ་པས་ན
157a7 སྡང་མེ་ཡང་གསོད།། སེར་སྣས་ཡི་དྲེགས་སྣང་བ་ཡང་།། ང་རྒྱབའི་སྙིན་ཐུབ་པ་ཡིན།། གཏི་མུག་ལ་སོང་སྨོས་པ་ལ།། ཐུབ་པས་གཏི་མུག་མུན་པ་སེལ།། ལདི་ཆགས་མི་ཡི་སྐྱེ་གནས་ད།། འདོད་ཆགས་དྲུག་འཇོམས་ཤཱཀྱ་ཥྚབ~ཾ།། བོད་ཐོས་ལྷ་མ་ཡིན་བུཿ།
iiif viewer powered by OpenSeadragon
156b - 157b