e-texts navigator
Collection
Volume
Page
Wylie

156b1 དེ་ནས་བཅོམ་ལྡན་འདས་དཀོན་མཆོག་དཔལ་རིན་ཆེན་འབྱུང་ལྡན་ཉིད། འཁྲུལ་པ་ཐམས་ཅད་གྲོབ་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདྲེ་གསུངས་ས།། བདེ་གཤེགས་སྙིང་པོའི་རང་བཞིན་འདི།། ཁམས་གསུམ་ཡོངས་ལ་ཡེ་ནས་གནས།། ལྷད་ཅིག་ཏུས
156b2 པའི་མ་རིག་པ།། ལུས་དང་གྲིབ་མ་ལྟ་བུར་བྱུང་།། བསྐལ་པ་སྔོན་ལས་བསགས་པ་ཡི།། འཁོར་བ་སྔོན་གྱི་རྣམ་སྨིན་བྱུང་།། ལས་སུ་ཉོན་མོངས་ལྔ་པོ་ཡིས།། འབྱུང་ལ་འདུས་པའི་ཕུང་པོར་སྲིན།། སྣོད་ཀྱི་འཇིག་རྟེན་སྣང་བ་ཡང་།། སངས་རྒྱས་ཞིང་ཁམས་ཡིན་པར་ཤེས
156b3 ཤར་ཕྱོགས་མངོན་པར་དགའ་བའི་ཞིང་།། ལྷོན་དཔལ་ལྡན་ནུབ་ཕྱོགས་བདེ།། བྱང་ཕྱོགས་རྣམ་དག་བཀོད་པ་།། དབུས་ཀྱི་བྱང་ཆུབ་སྙིང་པོར་གནས།། འདི་ལ་སོགས་པའི་སངས་རྒྱས་ཞིང་།། གུད་ན་མེད་པར་རབ་ཏོགས་ལ།། མི་དགེ་བཅུ་པོ་ཁྲོ་བཅུའི་མཚམས།
156b4 མོངས་ལྔ་པོ་མཚོན་ཆ་ལྔ།། སྤྱི་བོ་སྣ་ཚོགས་རྡོ་རྡལ།། རྐང་མཐིལ་རྡོ་རྗེའི་ས་གཞིལ།། རྩིབ་མ་རྡོ་རྗེ་ར་བ་དང་།། པགས་པ་རྡོ་རྗེའི་གུར་དུ་ཕུབ།། བ་སྤུ་མདའ་ཡི་དཱ་བ་ཡིན།། སན་མོ་མེ་དཔུང་རབ་ཏུ་འབར།། ལུས་ཁམས་བདུད་རྩི་རྣམ་པ་ལྔ།། འབྱུང་བ་ལྔ་འམ
156b5 བཞིར་གནས་པ།། ཁམས་དགུ་འདུས་པའི་དྲངས་མ་ནི།། རང་བྱུང་བདུད་ཀྱིའི་མཆོད་པ་ཉིད།། དབང་པོ་རྣམ་དྲུག་འདོད་ཡོན་དྲུག། པདྨ་ར་བྱ་མཆོད་རྫས་ཉིད།། ཀུན་གཞི་ཆོས་ཀྱི་ཕོ་བྲང་དུ།། ཡིད་ནི་ཀུན་བཟང་རང་བྱུང་སྐུ།། ལུས་དང་ངག་ལིད་རྣམ་པ་གསུམ།། ཡ་ན
156b6 གཤེགས་པར་གནས་པའོ།། རང་གི་ལུས་ཉིད་འདོམ་གང་ལ།། ཐམས་ཅད་ཚང་བར་གནས་པ་ནི།། ཀུན་གཞི་དེ་ཏིད་ཉོན་ཡིད་མེད།། ཡིད་ནི་ཆུ་ཉིད་ཨར་གནས་སོ།། རྐང་མཐིབ་རླུང་ལ་སུམ་མདོམ།། ལྟེ་བརྩལ་སྙིང་གས།། སྐལ་ཚིགས་རི་རེབས་ནི་མེ།། མི་མཉ
156b7 མེད་པའི་གྲང་ཞི་པུས།། སྙིང་གའི་ཅུང་གི་སྒོ་བཞི་ལ།། རྐང་བརྒྱད་ཀ་བ་རྣམ་པ་བརྒྱད།། མིག་གཉིས་པ་ཉྩར་ཁཱ་ལ།། སྔ་ནི་རིན་ཆེན་བུ་ཉིད།། སོན་དྲབ་ད་ལ།། ལྷོ་རུ་འདོད་ཡོན་ལྷ་མོ་འབྱུང་།། ན་བརྟ་བབས་ཉིད་དུ་གནས།། སྟེང་ནི་མི་འཇིགས




iiif viewer powered by OpenSeadragon

156a - 157a

Texts on this page

Gdg008.8 - zhi ba lha rgyud chen po