e-texts navigator
Collection
Volume
Page
Wylie

155a1 རྒྱག་ག་དུ། ཤཱངྒཱ་རྦ་ཏནཱ་མ་ཧཱ་ན་མ། བདགད་\ུ0f7f། ཞབ་ས་སྐང་རྒྱན་པོ་ནས་བྱས། བཙབ་ལྡན་འདས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཆབ་ལ།། འདི་སྐ་བདག་གིས་བརྒྱན་པའི་དུས་གཅག་། དང་ཞིན་གཤེགས་པ་ཐམས་ཅད་ཀྱིལས
155a2 ཀུན་ཏུ་བཟང་པོ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ། དེ་བཞིན་གཤེགས་པ་ཀུན་གྱི་བཙུན་མོའི་ལུག་ལ་བཞུགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛོད་དང་། ཡུམ་སངས་རྒྱས་སྤྱན།
155a3 མ་དང་། རྡོ་རྗེ་སེམས་དཔའ་དང་། ཡུམ་དབྱིངས་ཕྱག་མ་དང་། རིན་ཆེན་འབྱུང་ལྡན་དང་། ཡུམ་མཱ་མ་ཀི་དང་། སྣང་བ་མཐའ་ཡས་དང་། ཡུམ་གོས་དཀར་མོ་དང་། དོན་ཡོད་གྲུབ་པ་དང་། ཡུམ་དམ་ཚིག་སློལ་མ་དང་། ཉིད་ལས་མི་གཞན་པའི་འཁོར་རིགས་ལྔའི་ས
155a4 རྒྱས་ཡབ་ཡུམ་རྣམས་ཀྱང་ཆོས་ཀྱི་དབྱིངས་ན་བཞུགས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། སེའི་སྙིང་པོ་དང་། རྡོ་རྗེ་སྒེག་མོ་དང་། ནམ་མཁའི་སྙིང་པོ་དང་། རིན་ཆེན་ཕྲེང་བ་དང་། སྤྱན་རས་གཟིགས་དང་། པདྨ་དབྱངས་མཁན་མ་དང་། ཕྱག་ན་རྡོ་རྗེ
155a5 དང་། ལས་ཀྱི་གར་མཁན་མ་དང་། ནང་གི་བྱང་ཆུབ་སེམས་དཔའ་ཡང་ཡུམ་རྣམས་ཀྱང་བཞུགས་སོ།། བྱམས་པ་དང་། རྡོ་རྗེ་བདུག་སློས་མ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། རིན་ཆེན་མེ་ཏོག་མ་དང་། ཀུན་ཏུ་བཟང་པོ་དང་། པདྨ་མར་མ་མ་དང་། འཇམ་དཔལ་དང་།
155a6 ལས་ཀྱི་དྲི་ཆབ་མ་དང་། ཕྱིའི་བྱང་ཆུབ་སེམས་དཔའ་སེམས་མ་རྣམས་ཀྱང་བཞུགས་སོ།། གཞན་ཡང་རིགས་དུག་འདུལ་བར་མཛད་པ་ནི། ལྷའི་ཐུབ་པ་སྲིད་ཐུབ་འཛིན་དང་། ལྷ་མ་ཡིན་གྱི་ཐུབ་པ་རྣམ་པར་ཆལ་བ་དང་། མིའི་ཐུབ་པ་ཤཱཀྱ་སེང་གེས་མཐོ་རིས་གནས་གསུམ
155a7 པོ་འདུལ་བའི་ཞིང་དུ་ཡང་གཟིགས་སོ།། གྲོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན་དང་། ཡི་དྭགས་ཀྱི་ཐུབ་པ་ཁ་འ་བར་རྒྱལ་པོ་དང་། དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོས་ངན་སོང་གནས་གསུམ་འདུལ་བའི་ཞིང་དུ་གཟིགས་སོ།། གཞན་ཡང་གདུག་པ་ཅན་འདུལ་བའི་གཤིན་རྗེ




iiif viewer powered by OpenSeadragon

154b - 155b

Texts on this page

Gdg008.8 - zhi ba lha rgyud chen po