| | e-texts navigator
|
153a1 ཉོན་མོངས་ཤིང་ཉམ་ཐག་པ་ཡང་སྡུད་པ། འདི་ལྟར་གསུངས་ན་དེ་ཉིད་བདེ་བ་ཡང་དག་པ་ལས་སྐྱོན་དུ་མ་སོང་བ་དེ། སེམས་ཅན་གྱིས་དེ་ལྟར་མ་འཚལ་བ་དེ་ཇི་ལྟ་བུ་ལགས། སངས་རྒྱས་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་བཙང
153a2 བ་མང་པའི་སྙིང་པོདེ། སེམས་ཀྱི་སྟོང་པ་དང་སྐྱོན་ཉིད་ལས་བྱུང་བ་ལས། སེམས་ཅན་གྱིས་མ་འཚལ་བ་དེ་དེ་ལྟ་བུ་ཞིག་ལགས། ཆོས་ཀྱི་སྒོ་བཀའ་ཅི་སྙེད་གསུངས་པ་ཡང་། འཁོར་བཏིད་ན་དེ་ཉིད་བྱང་ཆུབ་ཀྱི་ཆོས་སུ་གསུངས་པ་དེ། སེམས་ཅན
153a3 རྣམས་ཀྱིས་ཆོས་དེ་བཞིན་དུ་མ་འཚལ་བ་དེ་ཅི་ལྟ་བུ་ཞིག་ལགས། དེ་དག་ནི་ཇི་ལྟ་བུ་ཞིག་ལགས། དེས་བདག་ནི་ཤིན་ཏུ་མཆི་མ་དཀུའོ་ཞེས་དུས་སོ།། དེ་བཞིན་དུ་རིགས་ལྔ་ཀུན་ཀྱང་ངུས་སོ།། རྣམ་པར་སྣང་མཛད་ཀྱིས་སེམས་རྟག་ཆད་གཉིས་སུ་བལྟ་བ
153a4 ལ་དུས་སོ།། རིན་པོ་ཆེའི་རིགས་ཀྱི་སངས་རྒྱས་ཀྱིས་སེམས་བཟང་ངན་གཉིས་སུ་བལྟ་བ་ལ་དུས་སོ།། པདྨའི་རིགས་ཀྱི་སངས་རྒྱས་ཀྱིས་སེམས་གཅོད་སྐྱེ་གཉིས་སུ་བལྟ་བ་ལ་དུས་སོ།། ལས་ཀྱི་རིགས་ཀྱི་སངས་རྒྱས་རྣམས་ཀྱིས་སེམས་སྣང་ལེན་གཉིས
153a5 སུ་བལྟ་བ་ལ་དུས་སོ།། རིགས་ཀྱི་ཡུམ་རྣམས་ཀྱིས་ཀྱང་། སེམས་ཅན་རྣམས་ཐབས་ལ་མི་མཁས་པ་ལ་དུས་སོ།། སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ཀྱིས་ལམ་མ་ཤེས་པ་ལ་དུས་སོ།། དེ་ལྟར་དུས་ཙམ་ཉིད་ན། རྡོ་རྗེ་སེམས་དཔའ
153a6 ལ་སོགས་པ་རིགས་ལྔའི་སངས་རྒྱས་ཡབ་ཡུ་མ་དང་། བྱང་ཆུབ་སེམས་དཔང་ལ་སོགས་པ་གང་ཡང་མེད་ཅིང་གང་གིས་ཀྱང་མ་དུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མ་གསུངས་པར་བཀའ་སྩལ་པ། རྡོ་རྗེ་སེམས་དཔང་སེམས་ཅན་གྱི་སྤྱོད་པས། སྡུག
153a7 བསྔལ་གྱི་ཁ་བརྒྱུད་པ་ནི། དཔེར་ན་སྨན་གྱི་སྦྱོར་བཏང་མ་ཤེས་པས། སྨན་དུ་སླར་ཡང་དུག་ཏུ་འགྱུར་ལ། སྨན་གྱི་སྦྱོར་ཐབས་ལ་མཁས་པས། དྲུག་སླར་ཡང་རྙེད་འཇིལ་བའི་མཧཱ་སྟོབས་ཡོད་པ་བཞིན་དུ། སྤྱོད་པའི་རྒྱལ་པོ་འདི་མ་ཐོས་པས་ནི། སངས་རྒྱ
iiif viewer powered by OpenSeadragon
152b - 153b