| | e-texts navigator
|
151a1 བདག་པཞིང་ལ་སངས་སྤྱོད་འདྲ་།། གང་ཞིག་དང་མེ་ལྡནན།། དང་ན་སྤྱད་ཀྲུང་མགྲིན་བླངས།། ཐབས་ལ་མཁས་པའི་སྤྱོད་པས་མ།། འབྱུང་བའི་ཆོས་ཉིད་བྲམ་དུ་སྤྱད།། སྣང་མད་ཀུན་ཏུ་བཟང་མོར་སྤྱོད།། ཡུ
151a2 ནི་ཆོས་ཀྱི་དབྱིངས་སུ་སྤྱོད།། པུས་ནི་ཕྱག་རྒྱ་ཆེན་པོར་སྤྱོད།། ཕུང་པོ་རྣམ་གྲོལ་ཞིང་དུ་སྤྱོད།། དུག་གསུམ་གྲུ་གསུང་ཐུགས་སུ་སྤོང་།། དོན་དམ་ཉིད་དུ་མ་སྐྱེས་པས།། ཐབས་ཀྱིས་སྤྱད་ཀྱང་གོལས་མེད།། མཆིགས་རྟོག་པ་མེད་པར་སྤྱོད།། དོན་དང
151a3 མཐུན་ཞིང་འགལ་མེད་པའོ།། དེ་ལ་ཉོན་མོངས་པ་ནང་གི་ཆོས་ལ་ཐབས་ཀྱིས་སྤྱོད་པ་ནི།། དཔེར་ནི་ཉི་མའི་དཀྱིལ་འཁོར་ལ་མུན་པ་རང་གིས་མི་གནས་པ་བཞིན་དུ།། མཁས་པའི་སྤྱོད་པ་ལ་ཉོན་མོངས་པ་དང་གིས་མི་གནས་ཏེ།། ཐབས་ཀྱིས་སྤྱོད་པས
151a4 འདོད་ཆགས་ཆོས་ཉིད་དག་པའི་རྒྱན་དུ་སྤྱོད།། ཞེ་སྡང་ཐུགས་རྗེ་ཆེན་པོའི་ཞིང་དུ་སྤྱོད།། གཏི་མུག་མ་སྐྱེས་པའི་དབྱིངས་སུ་སྤྱོད།། ང་རྒྱལ་ཆེ་བའི་ཡོན་ཏན་གྱི་མཆོག་ཏུ་སྟོད།། ཕྲག་དོག་རྣམ་པར་རྟོག་པ་མི་གནས་པར་སྤྱད། དཔེར་ན་དེ་བཞིན
151a5 གཤེགས་པའི་སྐུ་པ་གང་ལྟར་བལྟས་པས་ལེགས་པ་བཞིན།། ཐབས་མཁས་པའི་སྤྱོད་པས་ཇི་ལྟར་བལྟས་པ་ལེགས་པརི་ཞིང་ཡིན་པས།། དེ་ལ་འདི་སྐད་ཅེས་བཤད་པར་བྱའོ།། ཉོན་མོངས་རྒྱུ་རྣམས་ཐམས་ཅད་ཀུན།། ཐབས་ཀྱིས་སྤྱོད་པའི་ཞིང་ཡིན
151a6 པས།། དེ་ལ་མི་སྲད་སྤྲད་པར་བྱ།། གཏི་མུག་ཐབས་ཀྱིས་མ་སྤྱད་ན།། དེ་བཞིན་རིགས་ཀྱི་སུ་མི་འགྲུབ།། ཞེ་སྡང་ཐབས་ཀྱིས་མ་སྤྱད་ན།། རྡོ་རྗེའི་རིགས་ཀྱི་སྐུ་མི་འགྲུབ། ང་རྒྱལ་ཐབས་ཀྱིས་མ་སྙ་ན། རིན་ཆེན་རིགས་ཀྱི་སྐུ་མི་འགྲུབ།། འདོད་ཆགས
151a7 ཀྱིས་མ་སྤྱད་ན།། པདྨའི་རིགས་ཀྱི་སྐུ་མི་འགྲུབ།། ཕྲག་དོག་ཐབས་ཀྱིས་མ་སྤྱད་ན།། ལས་ཀྱི་རིགས་ཀྱི་སྐུ་མི་འགྲུབ།། ཉོན་མོངས་ལྔ་པོ་ཐབས་སུ་མཉམ།། རིགས་ཀྱི་སྐུ་ལྔ་སྤྱོད་པར་འདུས།། ཉོན་མོངས་ལྔ་པོ་སྒྱུ་མར་སྤྱད།། རིགས་ཀྱི་སྐུ་ལྔ་གཉིས་མེད་ཐབས།།
iiif viewer powered by OpenSeadragon
150b - 151b