| | e-texts navigator
|
14a1 གསང་བ་དུར་ཁྲོད་ཁུ་ཕྱུག་རོལ་པའི་མདོ་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱིལ་ཊ་སྣ་བཞི་པའོ།། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།
14a2 བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་སྔགས་དང་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད། སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཤད་དུ་གསོལ།། བདེ་བར་གཤེགས་པས་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་གསང་བུ་མཆོག་གི་བདག་པོས་སྔགས
14a3 དང་ཕྱག་རྒྱ་འདི་དག་བཤད་དོ།། སེམས་དཔའ་ཆེན་པོ་ཉོན་ཅིག། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། ལས་གང་བསྒྲུབ་པའི་སྙིང་པོ་ཡིན།། འདི་ལ་གང་ཞིག་དད་མོས་པ།། སྡང་མཛད་སེམས་དཔའ་ཉིད་འདྲར་འགྱུར།། ཨོཾ་བུདྡྷ་བཻ་རོ་ཙཱན་ཨོཾ།། ལག
14a4 གཉིས་ཁུ་ཚུར་བཅངས་པ་ལས།། གཡོན་པའི་མཛུབ་མོ་བསྒྲེང་པ་ཡི།། རྩེ་མོ་གཡས་པའི་ཁུ་ཚུར་གྱིས།། བཟུང་བ་སྣང་མཛོད་སེམས་དཔའི་རྒྱ།། རྒྱ་འདི་བཅིངས་པ་ཙམ་གྱིས་སུ།། སངས་རྒྱས་སྲས་དང་བཅས་པ་ཀུན།། རབ་ཏུ་དཀྲིས་ཤིང་མཉེས་པར
14a5 འགྱུར།། བྱང་ཆུབ་མཆོག་ཏུ་གདོན་མི་ཟ།། གཞན་ཡང་རྡོ་རྗེ་འཛིན་ཉིད་ཀྱི།། གསང་བའི་སྔགས་ནི་འདི་ཡིན་ཏེ།། བཛྲ་ཨཀྵོ་ཥྚ་ཧཱུཾ། སེམས་དཔའི་སྐྱིལ་མོ་ཀྲུང་འདུག་ནས།། ལག་གཡོན་པང་པར་མཉམ་བཞག་སྟེ།། གཡས་པ་ས་གཞི་གནོན་པའི་ཚུལ།
14a6 རྡོ་རྗེ་མིར་ཁྲུགས་ཕྱག་རྒྱར་བཤད།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། སངས་རྒྱས་གྲགས་པ་ཆེན་པོ་ཡང་།། རབ་ཏུ་འདིར་ཞིང་སྐྲག་པར་འགྱུར།། བདུད་རྣམས་ཚར་གཅོད་སྨོས་ཅི་དགོས།། གཞན་ཡང་རིན་ཆེན་འཛིན་པ་ཡི།། གསང་བའི་སྙིང་པོ་འདི་ཡིན་ནོ།།
14a7 རཏྣ་སཾ་བྷ་བ་གྷྣཱཾ།། མི་འཁྲུགས་ཕྱག་རྒྱ་དེ་ཉིད་ལས།། གཡས་པས་མཆོག་སྦྱིན་བྱེད་པ་ནི།། རིན་ཆེན་འཛིན་གྱི་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། བདེ་བའི་མཆོག་རྣམས་སྦྱིན་པར་བྱེད།། དགང་དཀའ་བ་ཡང་རབ་འགེངས་ནས།། བཀྲེན་པ་ཕྱུག
iiif viewer powered by OpenSeadragon
13b - 14b