e-texts navigator
Collection
Volume
Page
Wylie

149a1 མེད་ཆོས་སུ་སྟོད་པ་དེ།། དེ་ལྟར་ཉིན་དང་མཚན་མེད་པར།། མན་ངག་འདི་ལ་གང་གནས་པ།། སེམས་སྐྲོད་སྤྱད་པ་ངན་དང་ལྡནྟ།། བསྡུ་པ་ཉིད་དྲུ་བརྩུ་བ་པ་དྷ།། དདྷཱ་རྟག་ཏུ་ངས་པ་སྟེ།། མན་ངག་ཀྱང་ལ་གནས
149a2 དེ་ལ་སེམས་བཙལ་བ་མེད་པའི་ཡེ་ཤེས་སུ་སྤྱོད་པ་ནི།། སེམས་ཀྱི་མཚན་ཉིད་ཡེ་ནས་ཡེ་ཤེས་ཀྱི་དོན་དང་ལྡན་པ་སྟེ།། དེ་ལ་རྒྱུ་རྟེན་རྟེན་འགྲེལ་གྱིས་བཙལ་བ་མེད་དོ། རང་གི་རང་བཞིན་གྱི་སྙིང་པོ་མིན་ངག་གི་དོན་དང་ལྡན་པས།། ཐམས་ཅད་དུ་ལེགས་པ་འབྱུང
149a3 པའི་རང་བཞིན་པས། དེ་ལྟ་བུའི་དོན་ཤེས་ཤིང་རྟོགས་པ་དང་ལྡན་པར་སྐྲོད་པ་ནི། བཙལ་བ་མེད་པའི་ཡེ་ཤེས་སུ་སྤྱོད་པ་སྟེ། གྱུར་ཞེ་ན། དཱ་ནི་རིག་གར་ཡང་མ་སྦས་པར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྟེར། དཀྲིས་པ་འབྱུང་བས། མན་ངག་དང་ལྡན་པའི་དགས
149a4 པ་ཉིད་ནི་རིག་པ་གསལ་བ་ནང་ནས་ཤར་བས། བཙལ་བ་མེད་པར་སྤྱོད་པ་ཡིན་པས། དེ་ལ་འདི་སྐད་ཅེས་བཤད་པར་བྱའོ།། བཙལ་བ་མེད་པའི་སེམས་ཉིད་ནི།། ཆོས་ཀྱི་སྐུ་ཡི་གདེང་ཆེན་ཏེ།། མ་གཡོས་པ་ཡི་དབྱིངས་ཉིད་ལ།། མ་བཅོས་པ་ཡི་ཆོས་ཉིད་གསལ
149a5 གང་ས་པ་ས། ན་པ། ། པས་པཔས་། དསས
149a6 བཙལ་མེད་སྙིང་པོར་ཤར་བ་ལས།། ཟླ་འབྲས་ཅན་དུ་དེ་མ་བསྟན།། བཅོས་པ་མེད་པར་ཤེས་པ་ལས།། གཉེན་པོ་ཅན་དུ་དེ་མ་བསྟན།། འགྱུར་བ་མེད་པའི་ཤེས་པ་ལས།། འཆི་འཕོ་ཅན་དུ་དེ་མ་བསྟན།། མ་གཡོས་པ་ཡི་ཤེས་པ་ལས།། འཛིན་རྟོག
149a7 ཅན་དུ་དེ་མ་བསྟན།། མཉམ་པ་ཉིད་ཀྱི་ཤེས་པ་ལས།། ཆེ་ཆུང་ཅན་དུ་དེ་མ་བསྟན།། ཀུན་ཏུ་བཟང་པོའི་ཤེས་པ་ལ།། གཙང་སྨེ་ཅན་དུ་དེ་མ་བསྟན།། མཐའ་དབུས་མེད་པའི་ཤེས་པ་ལ།། ཕྱོགས་རིས་ཅན་དུ་དེ་མ་བསྟན།། དེ་ལྟར་ཤེས་པས་སེམས




iiif viewer powered by OpenSeadragon

148b - 149b

Texts on this page

Gdg008.7 - spyod pa thams cad kyi rgyal po brtson pa don ldan gyi rgyud