| | e-texts navigator
|
148a1 དཐོགས་ས་འགྱུར་བ་མ་པས། འསྲུ་བ་མ་བ་ད་པ་ཡིན་པས། དབར་དགསལ་བག་ན་མ་མ་དས། ང་ན་བགས་པ་པ་དང་ནབ། དུམ་ཐ་འགྱུར་བ་ཤཱ། མ་ད་བ་མ་མེད་པར་ནད
148a2 པ་དང་། སྤྱོང་པ་མི་འགྱུར་བསྦྱིན་དང་མཚན་མེད་པར་ཤེས་པ་དང་། སེམས་མི་འགྱུར་བ་སྷོ་ཤི་མེད་པར་ཤེས་པ་ཉིད་འགྱུར་བ་མེད་པའི་སྙིང་པོ་ཡིན་ལ།། འགྱུརལ་བད་ཀྱི་སྙིང་པོ་ཉིད་དེ་ལྟར་ཤེས་པ་ཡིན་པས། དེ་ནི་འབྱུང་བའི་སྙིང་པོ་ཡིན།། བཱར་སྣང་མཚོན
148a3 ཀྱི་ཆར་འབབས་ན།། སྐྱེ་ཤི་གཉིས་ཀྱི་མིང་བཏགས་ཀྱང་།། བྱང་ཆུབ་སེམས་ལ་འགྱུར་བ་མེད།། དེ་ནི་སེམས་ཀྱི་སྙིང་པོ་ཡིན།། སེམས་ལ་དངོས་པོ་རྫས་མེད་པས།། ཁ་དོག་དབྱིབས་སུ་འགྱུར་བ་མེད།། སེམས་ལ་བརྟག་པའི་མུ་མེད་པས།།
148a4 སྐྱེ་ཤི་གཉིས་སུ་འགྱུར་བ་ཟོད།། སེམས་ལ་བརྟེན་པའི་གནས་མེད་པས།། ཕྱོགས་རིས་གཉིས་སུ་འགྱུར་བ་མེད།། སེམས་ལ་ཆགས་པའི་གཞི་མེད་པས།། བླང་ལེན་གཉིས་སུ་འགྱུར་བ་མེད།། སེམས་ལ་ངདང་བདག་མེད་པས།། བཟང་ངན
148a5 གཉིས་སུ་འགྱུར་བ་མེད།། སེམས་ལ་རླིག་པའི་རྒྱུ་མེད་པས།། ནཱ་འབྲས་གཉིས་སུ་འགྱུར་བ་མེད།། སེམས་ལ་འཛིན་པའི་སེམས་མེད་པས།། མཐའ་དབུས་ཆེ་ཆུང་འགྱུར་བ་མེད།། སེམས་ལ་དམིགས་པའི་སེམས་མེད་པས།། ཡངས
148a6 དོག་མཐོ་དམན་འགྱུར་བ་མེད།། དེ་ནི་སྙིང་པོ་ངེས་པའི་ལུང་།། འདི་ལྟར་རྟོགས་པའི་རྣལ་འབྱོར་པས།། འགྱུར་མེད་སྙིང་པོར་སྤྱོད་པ་བཟང་།། དེ་ལྟར་དུས་གསུམ་འགྱུར་མེད་པས།། ལྟ་བ་འདི་ལ་གང་གནས་པ།། སེམས་བསྐྱེད་བརྩོད།།
148a7 པ་དོན་དང་ལྡན།། ངང་ཉིད་བཅོས་མེད་སྙིང་པོར་འགྲུབ།། སངས་རྒྱས་རྣལ་འབྱོར་དུས་གསུམ་དུ།། ཀུན་ཏུ་བཟང་པོའི་དགོངས་པ་འཆང་།། གང་ལྟརེ་སྤྱད་ཀྱང་སྤུར་དུ་ཟད།། འགྱུར་མིད་སྙིང་པོ་ཡིན་པར་ངེས།། དེ་ལ་སེམས་བཅོ
iiif viewer powered by OpenSeadragon
147b - 148b