e-texts navigator
Collection
Volume
Page
Wylie

147b1 མམས་པ།། སྲས་ཀྱང་མ་ཐས་ཀྱང་འ་ས།། སལ་དང་དབ་བ་མས་ཅད་དྲུང་།། རྣམ་པར་ཤེས་པའི་ཆོག་སསས་ང།། རངསམ་སརྟོགས་པའི་ཟད་པ་བྱས།། དབ་ན་ནམམ་ལརྗེ་ཅན་ཉིད་པས།། དབྱུང་བ་སྙོམས་སྣང་ངམ་ང།
147b2 ནམ་མཁང་ཉིད་དུ་རང་འབྱུང་བཞིན།། ཀུམ་ཐབ་སེམས་ཀྱི་མཚན་ཉིད་ལས།། སྟི་ལྟར་སྣང་ཞིང་གྲགས་པ་དང་།། གོ་ཞིང་རྟགས་པ་ཐམས་ཅད་ཅན།། རང་ཐང་བྲལ་པོའི་བ་ཤེས་པས།། གལ་ཏེ་ལས་ཅི་དབང་བཙུནན།། རང་བླངོ་ལ་ཤེས་དཡང་ར
147b3 འཁོར་བ་ཉིད་དུ་སེམས་པ་ཡང་།། འཁོར་བ་རང་བྱུང་ཡེ་ཤེས་པས།། རྟོགས་པའི་མན་ངེག་མ་བསྟན་འབྱུང་།། དུས་གསུམ་ཉིད་དུ་སེམས་པ་ཡང་།། དྲག་གསུམ་རང་བྱུང་ཡེ་ཤེས་པས།། ཇི་ལྟར་སེམས་པ་དེ་བཞིན་བཟང་།། རང་བྷར་ཡེ་ཤེས་སྤྱད།
147b4 པ་ལ།། འཁོར་བ་ངན་སོང་མིང་ཡང་མེད།། སེམས་ཅན་དང་ལས་སྤང་ལེན་མེད། རྟོགས་པ་ཀློང་དུ་རང་བྱུང་བས།། རྒྱལ་བ་ཉིད་ཀྱིས་འདི་ལ་བསྔགས།། སེམས་པ་དྲན་རིག་འབྱུང་བ་ཡང་།། རང་བྱུང་རྒྱལ་པོ་ཡེ་ཤེས་ཡིན།། སེམས་ལ་བྱང་ཚེར་བྱེང་བ།
147b5 ཡང་།། རང་བྱུང་རྒྱལ་པོ་ཡེ་ཤེས་ཡིན།། རང་བྱུང་ཡེ་ཤེས་ཆེན་པོ་ནི།། དུས་གསུམ་རྒྱལ་བའི་རྗེ་བཙན་ཏེ།། ལྟ་བ་སྐྱེ་ཤི་མེད་པའི་ཀློང་།། རྟོགས་པ་འདུ་འབྲལ་མེད་པའི་དང་།། སྤྱོད་པ་བཅོས་མེད་སྙིང་པོར་སྤྱོད།། སྒྲུབ་པ་བཙལ་བ་མེད་པར
147b6 བསྒྲུབ།། དོན་གྱི་སྙིང་པོ་ངེས་པའི་ལུང་།། རང་ལ་ཡོད་པས་བདེ་བའི་ཞིང་།། དུ་ཉིད་དག་པས་ཐར་པའི་གནས།། གཞུང་དང་མཐུན་པས་ངེས་པའི་དོན།། འདི་ལྟར་སེམས་སྤྱོད་གང་ཡིན་པས།། ཅི་ལྟར་སྤྱོད་ཀྱང་ཀྱད་དུ་ཟད།། རང་བྱུང་ཉིད་ལས་མ
147b7 གཏོགས་པ།། ཞེན་ཅིང་ཆགས་པ་གང་ཡང་མེད།། འདི་ལྟར་དུས་དང་རྒྱུན་མེད་པར།། མན་ངག་འདི་ལས་མ་ཡེངས་ན།། སེམས་ཀྱི་རང་བྱུང་སྐྱོང་པར་བཤད། དེ་ལ་སེམས་འགྱུར་བ་མེད་པའི་སྙིང་པོར་སྤྱོད་པར་བཤད་པ་ནི། སེམས་ཁ་དོག་དང




iiif viewer powered by OpenSeadragon

147a - 148a

Texts on this page

Gdg008.7 - spyod pa thams cad kyi rgyal po brtson pa don ldan gyi rgyud