| | e-texts navigator
|
147a1 ད་ན།། ཆོས་ཀྱི་སྲ་སྟེ་ཐ་མ་དང་།། དོན་ཀྱི་དམིགས་པ་མེད་པའི་དང་།། འདི་ལྟར་ལུང་དང་ལྡན་པ་ནི།། མ་སྐྱེས་པ་ལས་མ་གཏོགས་པ།། མེ་ཤས་ཚངས་པ་གལ་བརྒྱད།། ཞེ་སྡང་ཆེན་པ་ཐ་སེམས་ཉིད་ནི།། ནམ་རྡྷ།
147a2 མཚན་མ་ཀུན་འཇོམས་པས།། ཐབས་ལ་མཁས་ཕ་རོལ་པའི་སྐུ།། འདི་ལྟར་ལུང་དང་ལྡན་པ་ནི།། རོལ་པའི་སྐུ་ལས་མ་གཏོགས་པ།། འཁོར་བར་འཁྱམས་པའི་གོལ་བ་མེད།། ང་རྒྱལ་ཆེན་པོའི་སེམས་ཉིད་ནི།། ཀུན་ལ་ཁྱབ་པར་དཔག་པ་སྟེ
147a3 ཐབས་ཀྱི་རྒྱལ་པོ་རང་བྲང་བས།། འདི་ལྟར་ལུང་དང་ལྡན་པ་ནི།། ཆེ་བའི་སྒྲ་ལས་མ་གཏོགས་པ། ཉོན་མོངས་ཁེངས་པའི་གོལ་བ་མེད།། ཕྲག་དོག་ཆེན་པོའི་སེམས་ཉིད་ནི།། ཉོན་མོངས་མཚན་མ་མི་ཤོང་བས།། ཆོས་ཉི་དངང་ལས་རྣམ་རྟོག་མེད།
147a4 འདི་ལྟར་ལུང་དང་ལྡན་པ་ནི།། མནང་གདོན་ལས་མ་གཏོགས་པ།། ཕྱོགས་ཆར་གྲོལ་བ་གང་ཡང་མེད།། དེ་ལྟར་སྤྱོད་པ་གང་ཡིན་པ།། ཉོན་མོངས་སྤྱོད་ཀྱང་སྤྱོད་དུ་བས།། སྤྱད་ཀྱང་ཡོན་ཏན་ཡིན་པ་ལས།། དོན་དུ་མ་སོང་གང་ཡང་མེད།།
147a5 འདི་ལྟར་ཉིན་དང་མཚན་མེད་པར།། མན་ངག་འདི་ལས་མ་ཡེངས་ན།། སེམས་ཀྱི་སྤྱོད་པ་དམ་པ་ཡིན། ཀུན་ཏུ་བཟང་པོས་ལུང་བསྟན་ཏོ།། དེ་ལ་སེམས་རང་བྱུང་གི་ཡེ་ཤེས་སུ་སྤྱོད་པ་ནི།། རང་བྱུང་གི་ཡེ་ཤེས་བཙལ་བ་དང་བཅས་པ་ལས
147a6 འགྱུར་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡེ་ཐོག་མ་ནས་ཀུན་ཏུ་བཟང་པོའི་ངང་ལས་ཐམས་ཅད་བྱས་ཟིན་པས། བྲུ~ཾ་གྱེན་གང་གིས་ཀྱང་བསྙེང་དུ་མེད་དེ། རང་བྱུང་གི་ཡེ་ཤེས་མ་སྐྱེས་པའི་ཀློང་ནས་ཤར་བས། དང་པོར་མ་བསྐྱེད་པར་དུ་མ་བཙལ་ཐ་མང
147a7 བསྒྲུབས་པས། ནམ་མཁའ་ལ་བཅོས་པ་མེད་པར་སྣང་བ་དང་འདྲ་བར། རང་བྱུང་གི་ཡེ་ཤེས་རྟོགས་པའི་དོན་དང་ལྡན་པ་དེ། རྣལ་འབྱོར་ཚད་མ་རྣམས་ཀྱི་བློ་ལ་རང་སྣང་བར་ཚད་མར་བྱུང་བ་སྟེ། དེ་ལ་འདི་སྐད་ཅེས་བཤད་པར་བྱའོ།། རྒྱུད་དྲུག་སྐྱེ་འགྲོ
iiif viewer powered by OpenSeadragon
146b - 147b