e-texts navigator
Collection
Volume
Page
Wylie

146a1 དང་གང་ལྡན་པ།། ལོག་པར་སྨྲས་ཀྱ་ངེས་པ་དོན།། བཟོ་བོ་གོམས་པའི་ལག་དང་འདྲ། དོན་ཆེན་འདི་དང་མལྡནན།། བདུན་པར་སྨྲས་ཀྱང་བག་པངས།། དཔེར་ན་བླུང་པོའི་བཟླ་དང་འདྲ།། ཆོས་མཛོད་པམས་ཅད་དག་ལས
146a2 འབྱུང་།། སངས་རྒྱས་ཐམས་ཅད་དག་གིས་བསྟན།། བྱང་ཆུབ་སེམས་རྣམས་ངག་གིས་བསྟན།། དངོས་གྲུབ་རླབས་ཆེན་ངག་གིས་བསླབ།། འདི་ནི་ངག་གི་སྤྱོད་པ་ཡིན།། དོན་ཆེན་གཏི་མུག་གོ་བདེ།། བརྩོན་པ་དོན་དང་ལྡན་པའོ།། དུས་གསུམ་སངས
146a3 རྒྱས་ཐམས་ཅད་པ།། གསུང་གི་སྤྱོད་པ་འདི་ལས་མེད།། གསུང་གི་སྤྱོད་པ་དག་ཡིན་པས།། ངག་གི་སྤྱོད་པ་འདི་ཤེས་ན།། སངས་རྒྱས་བྱང་ཆུབ་ཐག་མི་རིང་།། དེ་ལ་ངག་སྟོང་པ་ཉིད་དུ་སྤྱོད་པ་ནི། ལེགས་ཉེས་ཀྱི་དོན་གང་དག་གིས་སྨྲས་ཤིང་བརྗོད་ཀྱང་།།
146a4 དེ་ལ་དངོས་པོ་མེད་པས། དེ་ཉིད་སྔ་མ་ནི་སྟོང་། ད་ལྟ་ནི་མི་གནས། ཕྱིས་མི་རྟོག་པས། དུས་གསུམ་དུ་བརྗོད་པ་མ་སྐྱེས་སྟོང་པ་ཉིད་དུ་གནས་པ་ནི། ངག་སྟོང་པ་ཉིད་དུ་སྦྱོང་པ་སྟེ། དེ་ལ་འདི་སྐད་ཅེས་བཤད་པའོ།། རྫས་ལ་དངོས་པོར་བསྟན་པ་ཡང
146a5 ཚིག་ལ་དངོས་པོར་མ་གྲུབ་པས། རྫས་ཀྱང་དངོས་མེད་སྟོང་པའི་ཞིང་།། བཟང་དང་ངན་པར་བསྟན་པ་ཡང་།། ཚིག་ལ་དངོས་པོར་མ་གྲུབ་པས།། བཟང་ངན་དངོས་མེད་སྟོང་པའི་ཞིང་།། བདེ་དང་སྡུག་བསྔལ་བརྗོད་པ་ཡང་།། ཚིག་ལ་དངོས་པོར་མ་གྲུབ་པས།། །
146a6 བད་སྡུག་དངོས་མེད་སྟོང་པའི་ཞིང་།། དེ་བཞིན་གླེང་བརྗོད་ཐམས་ཅད་ཀུན།། ཚིག་ལ་དངོས་པོར་མ་གྲུབ་པས།། གླེང་བརྗོད་ཐམས་ཅད་སྟོང་པའི་ཞིང་།། མ་སྐྱེས་པ་ཡི་ཆོས་ཉིད་ལ།། ངག་གི་གླིང་བརྗོད་ཐམས་ཅད་ཀུན།། བཅོས་མེད་སྟོང་པར་ཤེས་པར
146a7 བྱ།། སུས་ཀྱང་སྨྲ་མེད་སྨྲ་མི་འགྱུར།། འདྲེན་པའི་དབང་པོས་ཀྱང་མི་གསུང་།། སུས་ཀྱང་གསུང་བ་མེད་པའོ།། དེ་འདྲའི་དོན་ལ་གང་གནས་པ།། དེ་ནི་ངག་གི་སྤྱོད་པ་སྟེ།། དེ་ལ་ཉིད་དང་མཚན་མེད་པས།། བརྩོན་པ་དོན་དང་ལྡན་ཞེས་བྱ།། དེ་ལ་བལྟ




iiif viewer powered by OpenSeadragon

145b - 146b

Texts on this page

Gdg008.7 - spyod pa thams cad kyi rgyal po brtson pa don ldan gyi rgyud