e-texts navigator
Collection
Volume
Page
Wylie

145a1 །། སྤྱོད་པ་ལུས་ཡིན་པས།། ཡེ་ཤེས་ལུས་ནི་སངས་རྒྱས་པའོ།། སངས་རྒྱས་གཞན་ན་ཡོངས་མེད་པས།། འཕོ་བའི་མགོན་པོས་ལུས་ལ་བརྗོད།། འདི་ལྟར་གོམས་པ་གདེང་ཆེན་གྱིས།། དུས་ནི་ཉིན་དང་མཚན་མེད་པས།། དེ་ཡི་བརྩོན་པ་དོན་དང
145a2 ལུས་ལ་ཡེངས་པའི་རྒྱུ་མེད་པས།། དེས་ནི་བརྩོན་པའི་དོན་དང་ལྡན།། རྡོ་རྗེ་སེམས་དཔས་རྟོགས་པར་གྱིས།། རྡོ་རྗེ་རྒྱལ་བའི་དུས་སྤྱོད་པ།། བསྔགས་པས་ངེས་པ་དེ་ལྟར་སྤྱད།། ངེས་པ་ཉིད་དུ་བསྟན་པ་སྟེ།། སངས་རྒྱས་རྣམས་ཀྱིས་ཟབ་པར་གསུངས།། སྤྱོད་པ་ཐམས
145a3 ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད་ལས། ལུས་ཀྱི་སྤྱོད་པ་གང་གྱུར་སྤྱད་ཅིང་ལྟ་བ་སྒྲེང་གཞིའི་ལེའུ་སྙེད་པ་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་ངག་གི་སྤྱོད་པ་གང་ལྟར་སྤྱད་ཅིང་ལྟ་བ་གང་དང་ལྡན་པ་འདི་ཆེད་དུ་བརྗོད་དོ།། ངག་གི་སྤྱོད་པ་གང་ཡིན་པའང་ཤིན་ང།
145a4 འབྱོར་རྣམས་ཀྱིས་ཉོན་ཅིག། དེ་ལ་ངག་གི་སྤྱོད་པ་ལ་རྣམ་པ་གསུམ་སྟེ། ངག་ཆོས་ཉིད་དུ་སྤྱོད་པ་དང་། ངག་བཟླས་པའི་ཐིག་ལེར་སྤྱོད་པ་དང་། ངག་སྟོང་པ་ཉིད་དུ་སྤྱོད་པའོ།། དེ་ལ་ངག་ཆོས་ཉིད་དུ་སྤྱོད་པ་ནི། ཇི་ལྟར་སྣང་བ་ཐམས་ཅད་ངག་གིས་མིང་བཏགས་པས་ཚི།
145a5 ཐམས་ཅད་ཆོས་ཉིད། ཆོས་ཐམས་ཅད་ཡི་གེ། ཡི་གེ་ཐམས་ཅད་མ་སྐྱེས་པའི་རང་བཞིན་དུ་ཤེས་པས་ཆོས་ཉིད་དོ།། དེ་ལ་འདི་སྐད་ཅེས་བཤད་པ་སྟེ།། གནམ་དང་ནིས་བྲག་དང་།། རྩི་ཤིང་དང་ནི་ནགས་ཚལ་རྣམས།། ཡི་གེ་ཉིད་དུ་བསྟན་པ་སྟེ།། ཡི་གེ་མ་སྐྱེས་རང་བཞིན་ན།།
145a6 དེ་ལ་ངག་སྤྲས་ཆོས་ཉིད་དེ།། དེ་བཞིན་དམ་གྲོགག་ཡང་ས་དང་།། གྱེན་དང་ཐུར་དང་སྣོད་ཀྱི་རྫས།། འབྱུང་བ་ལྔས་བསྡུས་ཐམས་ཅད་ཀུན།། ཡི་གོ་མགྱེས་རང་བཞིན་ན།། དེ་ལ་ངག་སྤྱོད་ཆོས་ཉིད་དོ།། དེ་ལ་དག་ནི་སྤྱོད་པ་ནི།། སེམས་ཅན་ལུས་དང་དབང་པོ་དང་། རྣམ་གྲངས
145a7 ཤེས་པའི་རང་བཞིན་དང་།། འཕགས་པའི་སྐུ་དང་ཡེ་ཤེས་དང་།། ཡོན་ཏན་བྱེ་བྲག་བསྟན་པ་ཡང་།། དེ་ཡང་ཡི་གེ་རབསྟན་པ་སྟེ།། ཡི་གེར་ཐོག་མར་མ་སྐྱེས་པས།། དེ་ལ་ངག་སྤྱོད་ཆོས་ཉིད་དོ།། ལེགས་དང་ཉེས་པ་གང་སྨྲམ་པ།། སྙན་དང་མི་སྙན་སྒྲ་བསྒྲགས་ནས།།




iiif viewer powered by OpenSeadragon

144b - 145b

Texts on this page

Gdg008.7 - spyod pa thams cad kyi rgyal po brtson pa don ldan gyi rgyud