| | e-texts navigator
|
143b1 ཅེས་བསྟན་པ་ཡིན་ཏེ།། ལུས་ནི་བསྐུལ་བསྐྱོད་ཐམས་ཅད་ནི།། ཕྱག་རྒྱ་ཆེན་པོའི་རང་བཞིན་པས།། སྐྱོན་དུ་བྱ་བ་གང་ཡང་མེད།། པགས་ཉེས་རྣམ་པར་དབུར་མེད་པས།། ཐབས་ཀྱི་ཕྱག་ཀྱང་དཀྱིལ་འཁོར་ལ།། བཡུལ་པ་སྤྱད་ཐུགས་དམ
143b2 བཁྲུལ།། གཉིས་མེད་རོལ་པའི་ཐིག་པོ་ཆེ།། ངེས་པར་གསུངས་པའི་ཕུང་ཡིན་པས།། རྟོགས་དང་ལྡན་པས་ཅི་དཀར་སྐྱོང་།། དོན་མཐུན་པ་ཡི་སྡེས་བུ་ནི།། ཆོག་གཅིག་ཆད།། གར་སྐང་སྤྱད་ཀྱང་གསེར་དུ་འགྱུར།། གང་ལ་རེག་པ་གསེར་དུ་འགྱུར།། སྨན
143b3 རྒྱལ་པོ་པ་ཀི་ཏེ།། གང་ལ་རེག་པ་ཕྲན་དུ་འགྱུར།། མན་ངག་གདེང་ཆེན་རྣལ་འགྱོང་པས།། ཉེས་པ་སྤྱད་པས་དཔལ་དུ་ཚྭ།། མཚམས་མེད་ཝ་ཡང་ཐར་པའི་ལམ།། སྲོག་གཙད་ཅུ་ཡང་སངས་ཀྱིས་ལ།། དོན་དུར་མི་ལྡང་གང་ཟག་རྣམས།
143b4 ལུས་སྤྱོད་གཟབ་ཀྱང་ཉེས་ལས་གོལ།། རང་ནོར་ཡུད་ཀྱང་ལན་ཆགས་ནོར།། ཐར་བསྐྲད་ཀྱང་འཆང་བའི་རྒྱུ།། ལོལ་བར་བསམས་ཀྱང་འཁོར་བའི་རྒྱུ།། བདེ་ཆེན་ཉིད་དུ་དོན་ཤེས་ཤིང་།། རང་བྱུང་རྒྱལ་པོར་ཀྲུང་རོལ་ན།། ལུས་ཀྱི་སྤྱོད་པ་ཡིན་ཞེས
143b5 བཤད།། དེ་ལ་ལུས་ཀྱི་སྤྱོད་པ་གའ་ལའང་མ་ཆགས་པར་སྤྱོད་པ་ནི།། ལྷ་བགོམས་པའི་གདང་དང་།། མན་ངག་ངེས་པའི་དྲོད་ཆུད་འདི་ཟིན་པས།། ལུས་ཀྱི་སྐུད་པས་དོན་དང་ལྷུན་དུ་ཟད་ཀྱི།། ལུས་དང་མི་ལྡན་ཞིང་གོང་ཟག་འོག་པའི་སྲིན་ཚིགས
143b6 དག་གིས་ཀྱད་ཅང་སྤྱོད་པའི་དོན་དང་ལྡན་པར་འགྱུར་རོ།། དེ་ལ་ལུས་ཀྱི་སྤྱོད་པ་དབྱིངས་དང་ཡེ་ཤེས་སུ་ཁྱོད་པ་ནི།། ཀྱི་སྣོད་ཀྱི་འཇིག་རྟེན་ལ་སོགས་པ་འབྱུང་བ་ཆེན་པོ་ཆེའི་མཚན་ཉིད་དུ་སྣང་བ་ཐམས་ཅད་པུས་མཐའ་མེད་པས་དབྱིངས།། ཡོངས
143b7 ལཁབ་པས་དབྱིངས།། ཟད་པ་མེད་པས་ཀྱང་དབྱིངས།། ནམ་མཁའི་འང་དུ་ཅིང་མེད་པས་ཀྱང་དབྱིངས།། དེ་བསྡོད་པའི་ལུས་དང་དབང་པོ་དང་། རྣམ་པར་ཤེས་པ་དང་། སྡང་བ་ཐམས་ཅད་མ་བཅིངས་པའི་དོན་དང་ལྡན་པས་ཡེ་ཤེས།། དེ་ཉིད
iiif viewer powered by OpenSeadragon
143a - 144a