e-texts navigator
Collection
Volume
Page
Wylie

141b1 དེ་ནི་དངོས་པོར་མ་གྲུབ་ཅིང་། རྟག་པ་ཅན་མ་ཡིན་པའི་དོན་ནོ།། སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་མེད་པ་ཡོད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྐྱོང་ཉིད་ཆད་པ་ཉིད་དངོས་པོའི་རྒྱུར་འགྱུར་བའི་ཕྱིར་རོ།། སེམས་དཔའ་ཆེན་པོ།
141b2 ཐམས་ཅད་སྣང་བ་མི་སྣང་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། མི་རྟག་པའི་མཚན་ཉིད་དོ།། སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་མི་སྣང་བ་སྣང་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་ལ་ཕྱིན་ཅི་ལོག་གི་ལས་བཙན་པའོ།། སེམས་དཔ
141b3 ཆེན་པོ། ཆོས་ཐམས་ཅད་དོན་མི་དམིགས་པའི་གཏན་ཚིགས་ཀྱིས་སོ་སོར་འགྲེལ་ཏེ་ཇི་སྐད་གསུང་ལ། གང་དུ་ཡང་གསུང་བ་མེད་པའི་དོན་ཏོ།། དེ་སྐད་ཅེས་བཀའ་སྩལ་པས། རྡོ་རྗེ་སེམས་དཔའི་རྟོགས་པའི་བག་ཆགས་བྱུང་ངོ་།།
141b4 དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། དམ་ཚིག་འདི་དག་གང་བསྲུང་བ།། དེ་ནི་མ་ཉམས་ཐར་པར་འགྱུར།། སྡིགས་པ་དམ་ཚིག་མཐར་ཕྱིན་པའི།། ས་མ་ཡ་ཡི་གཞུང་དུ་འགྱུར།། གལ་ཏེ་གཞུང་འདི་མ་ཤེས་པས།
141b5 ཅི་ལྟར་བསྲུངས་ཀྱང་ཉམས་པར་འགྱུར།། དམྱལ་བའི་སྤྱོད་པ་ཡ་རེ་ང་།། འཁོར་བའི་སྡུག་བསྔལ་བཟོད་བླག་མེད།། དེ་ལས་ཐར་བར་རབ་ཏུ་དཀའ།། ནོར་པས་ལམ་ནོར་བར་ཁྲིད་པ།། འཁྲུལ་པས་བྱང་ཆུབ་ཉིད་ལས་གོལ།། ཐམས་ཅད
141b6 ཀུན་གྱིས་བརྟག་དཀའ་བར།། སྙིང་པོའི་ལུང་དུ་འདི་བསྟན་པས།། སྡོད་དང་ལྡན་ལ་བསྟན་པའི་ཕྱིར།། དམ་ཚིག་སྐབས་སྦྱོར་བདུན་པའོ།། །། བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་ཕན་ཡོན་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་དཔ
141b7 ཆེན་པོ། གུད་འདི་གང་ཞིག་འཛིན་པ་ན། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཉིད་ཡོངས་སུ་རྫོགས་པར་འཛིན་པ་སྟེ། དེ་ནི་ཆོས་ཀྱི་དབྱིངས་དང་ཐ་མི་དད་དོ།། རང་དྲུང་གི་ཡེ་ཤེས་ཀྱང་བཙལ་བ་མེད་པར་ལྷུན་གྱིས་གྲུབ་པས།




iiif viewer powered by OpenSeadragon

141a - 142a

Texts on this page

Gdg008.6 - phrin las thams cad kyi rgyal po skabs sbyor bdus pa'i rgyud