| | e-texts navigator
|
141a1 ཐམས་ཅད་རྒྱ་དང་བྲལ་དྷ། ཡེ་ནས་སྲན་གྱིས་གྲུབ་ནོ་ང་པོ་ལགས་ན། ན་རྗེའི་སླད་དུ་དམཆོག་གདམ་པར་སྐྱེ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ར་རྫ་སེམས་དཔའ་ཕྱོགས་བཅུ་དུས་གསུམ
141a2 འདེ་བར་གཤེགས་པ་ཐམས་ཅད་ནི། མཛད་པ་ཐམས་ཅད་མི་མཛད་པ་ཡིན། དེཙོའི་ཕྱིར་ཞེ་ན། དེ་ནི་འཛིན་ཆགས་མི་མངའ་བའི་དོན་ནོ།། སེམས་དཔའ་ཆེན་པོ་བའི་དོན་རྟོགས་གཤེགས་པ་རྣམས་ནི། མི་མཛད་པ་ཐམས་ཅད་མཛད་པ
141a3 དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་འབྱུང་བའི་དོན་ནོ།། སེམས་དཔའ་ཆེན་པོ། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ནི། ཞལ་ནས་གསུངས་པ་ཐམས་ཅད་མ་གསུངས་པ་ཡིན་ཏེ། དེ་ནི་འདི་ལྟ་སྟེ།
141a4 ཆོས་ཉིད་སྟོང་པ་ལ་ཅི་ཡང་གསུང་དུ་མི་མངའ་བའི་དོན་ཏོ།། སེམས་དཔའ་ཆེན་པོ། བདེ་བར་གཤེགས་པ་རྣམས་ནི། མི་གསུང་བ་གསུང་བ་ཡིན། དེ་ཅིའི་ལྕིར་ཞེ་ན། དེ་ནི་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་སྟོན་པས་མ་ཡེངས་པའི་ཐོགས་པ་པར་བྱེད
141a5 དོན་ནོ།། སེམས་དཔའ་ཆེན་པོ། ཕྱོགས་བཅུའི་བདེ་བར་གཤེགས་པ་ནི་བཞུགས་པ་མི་བཞུགས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ལ་སྣང་ལ་རང་བཞིན་མེད་པའོ།། སེམས་དཔའ་ཆེན་པོ། བདེ་བར་གཤེགས་པ་ནི། མ་བཞུགས་པ་བཞུགས
141a6 པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཐུགས་ནམ་མཁའ་ལྟ་ཟླས་ཀུན་ལ་ཁྱབ་ལ། མངོན་པར་ཤེས་པའི་ཡེ་ཤེས་ལྔ་དང་ལྡན་པས། ཇི་ལྟར་བཏགས་པ་བཞིན། མཚན་དང་དཔེ་བྱེད་དང་ལྡན་པའི་དོན་ཏོ།། སེམས་དཔའ་ཆེན་པོ། @
141a7 གཤེགས་པ་རྣམས་ཀྱི་དམཆོག་འདི་དགེ་བསྲུང་བ་མི་བསྲུང་བ་ཡིན། དེ་ཅིའི་ཕྱིར་ཤེ་ན། དེ་ནི་མཉམ་པ་ཉིད་ཀྱི་དོན་ལ་འདང་ཞིང་ཉེམས་པ་མེད་པའི་དོན་ཏོ།། སེམས་དཔའ་ཆེན་པོ།། དེ་བཞིན་དུ་ཆོས་ཐམས་ཅད་ཡོད་པ་མེད་པ་ཡིན། དཙོའི་ཕྱིར
iiif viewer powered by OpenSeadragon
140b - 141b