| | e-texts navigator
|
140b1 བཏུང་བར་བྱར།། དེ་དག་འསྐལ་ན་བདེ་ཆེན་ཟབ།། དེ་ཡང་དམ་ཆོག་ཕྲིན་ལས་ཡིན།། བཞག་ན་ཉམས་པར་གྱུར་འགྱུར་ན།། དེ་ནས་སྨོན་པ་མཉམ་གཞག་གིས།། རྡོ་མུགཔ་དཔོན་བཀའ་འདེ་བཤད།། ཡང་བཞིན་རན་ཆེན
140b2 འབྱུང་བ་ཡི།། སློབ་དཔོན་བློ་ལྡན་མན་ངག་ཅན།། ངེས་པའི་སྒོ་འབྱེད་གང་ཡིན་པ།། ཕངས་མེད་ཡོན་གྱིས་སྣ་དྲངས་ནས།། ལུས་ངག་ཡིད་གསུམ་ཕུང་པོ་རྣམས།། དེ་ལ་གུས་པས་དབུལ་བར་བྱའོ།། སློབ་དཔོན་དེ་ལ་མཆོད་བྱས
140b3 ན།། ཕྱོགས་བཅུའི་སངས་རྒྱས་མཆོད་དང་འདྲ།། བླ་མ་དེ་ལ་ཕྱག་བྱས་ན།། སངས་རྒྱས་བཀུར་སྟི་བྱས་པ་ཡིན།། རྡོ་རྗེ་སློབ་དཔོན་བརྙས་བྱས་ན།། སངས་རྒྱས་ཐམས་ཅད་བསླུས་དང་འདྲ།། སློབ་དཔོན་བཀུར་བར་མ་བྱས་ཤར།
140b4 མདང་གངངོས་པ་མ་ཐོབ་པར།། གང་ཞིག་ལུང་ལ་སྤྱོད་པ་ནི།། འབྲས་བུ་མེད་ཅིང་བརླག་པར་འགྱུར།། དུས་གསུམ་ན་མདའང་མི་འབྲལ་ཞིང་།། ཀླམེདེ་པ་མོན་གྱིས་བསྡུ།། ཐེགས་ཉིད་བྱང་ཆུབམས་དྲང་བས།། རྒྱལ་བསྟན
140b5 ལ་མཆོད་དང་འདྲ།། གཉིས་མེད་དངོས་གྲུབ་ད་ཡོས་ཐོབ།། སངས་རྒྱས་ཉིད་དུ་དར་འགྱུར་རོ།། དནས་རིག་པའི་བུ་མཆོག་དས།། ད་འདི་གཟུང་དང་བཙུན་པར་མཉན།། ལེགས་པར་བསྒོམས་ལ་སེམས་ལ་འཆང་།། སྔག
140b6 དང་ཕྲག་ཏུ་ཀུན་མེད་པས། དུས་དང་གྲངས་དང་བསྐལ་པ་ཡིས།། འདི་གརྣམས་ཀྱང་བར་མེ་གཅད།། གསང་བ་ལ་ནི་དབྱེར་མེད་ཅིང་།། དམཚིག་ཏམས་ལ་གསང་བ་དང་།། སྣོད་དུ་ཡིན་ལ་ཤིན་ཏུ་གསང།། སྡུད་པར་བྱ
140b7 དེ་དག་ལ།། གང་ཡིན་རིམ་པར་གསལ་རྟོགས་ནས།། ངེས་པར་ཕྱེ་སྟེ་བཤད་པའི་ཕྱིར།། ལུང་ལས་བཀྲོལ་ཏེ་བཤད་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། རྡོ་རྗེ་སེམས་དཔས་གསོལ་པ། བཅོམ་ལྡན་འདས་ཆོས
iiif viewer powered by OpenSeadragon
140a - 141a