e-texts navigator
Collection
Volume
Page
Wylie

139b1 ལས་འདས་པས། དམ་ཚིག་ཆོས་ཉིད་ཀྱི་ཕྲིན་ལས་སོ།། རྩ་བ་དང་ཡན་ལག་གི་དམ་ཚིག་འདི་ལྟར་བསྲུངས་ན། ཐམས་ཅད་དུ་མ་གཡོས་པའི་དོན་ཡིན་པས། ཆོ་ག་དང་ཡི་གེ་གཟུང་འཛིན་གྱི་རྟག་པ་བསྲུང་བས། དྲམ་ཆོད་བཀའ་དང་མཐུན
139b2 པའི་ཕྲིན་ལས་སོ།། དམ་ཚིག་འདི་དག་མི་བསྲུང་ན། ཐམས་ཅད་དུ་བདག་ཉིད་བྱང་ཆུབ་སེམས་སུ་སྣང་བས། གཞན་གང་ཡང་མ་གྲུབ་པས་ཅི་ཞིག་བསྲུང་སྟེ། དམ་ཚིག་འདའ་བ་མེད་པའི་ཕྲིན་ལས་སོ།། དམ་ཚིག་འདི་དག་ཉམས་ནའང་།
139b3 ཏོགས་པ་ཀློང་དུ་གྲོལ། བརྩམས་པ་མཐར་ཕྱིན་ནས། དངོས་གྲུབ་ལས་སུ་རུང་བས། དམ་ཚིག་མ་ཉམས་པའི་ཕྲིན་ལས་སོ།། དམ་ཚིག་འདི་དག་ཉམས་ནའང་། ཡེ་རྒྱ་ཆེན་པོས་ཐམས་ཅད་ལ་བཏབ་པས། ཉམས་པའི་ཆུ་མེད་པས་དམ
139b4 ཚིག་བསུང་དུ་མེད་པའི་ཕྲིན་ལས་སོ།། དེ་བས་དམ་ཚིག་གི་ཕྲིན་ལས་ཐམས་ཅད་ནི། ཐམས་ཅད་ནས་ཐམས་ཅད་དུ་བསྲད་དུ་མེད་ཅིང་མ་ཉམས་པའི་དམ་ཚིག་སྟེ། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། དམ་ཚིག་རྒྱལ་པོ་ལྷུན་གྲུབ་སྙིང་པོ་མཆོག།
139b5 གསང་ཆེན་ངེས་པ་འདའ་མེད་དམ་པ་ལས།། དོན་གྱི་སྐྱེས་བུས་ཞུས་པས་རབ་བཀྲོལ་ནས།། མི་ཡི་སེང་གེས་ཀུན་ལ་བསྟན་པར་བྱའོ།། དངོས་པོ་མཚན་མ་ཐམས་ཅད་ལ།། འདའ་བ་མེད་པར་གང་བསྡང་བ།། འདི་ཡང་དམ་ཚིག་ཕྲིན
139b6 ལས་ཡིཡེར།། ཉོན་མོངས་ཟུག་རྔུ་ཐམས་ཅད་ལ།། གཡོས་པ་མེད་པར་གང་བསྲུང་བ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། ལུང་དང་མཐུན་པ་ཡང་བྱེད་པ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། ཤེས་པ་སྒོ་ཡངས་ཆོས་དང་མཐུན
139b7 འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། གཙང་སྨེ་མེད་པར་གང་ཟབ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། བཟང་ངན་མེད་པར་གང་སྦྱོར་བ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། བྱམས་སྡང་མེད་པར་གང་སྦལ་བ།། འདི་ཡང་དམ་ཚི




iiif viewer powered by OpenSeadragon

139a - 140a

Texts on this page

Gdg008.6 - phrin las thams cad kyi rgyal po skabs sbyor bdus pa'i rgyud