| | e-texts navigator
|
139a1 པའི་ཕྲིན་ལས་ཡིན།། སྤྱོད་པའི་རྒྱལ་པོ་བདེ་བ་ཡིན།། ཀུན་ལ་རོལ་ཅིང་ཐམས་ཅད་འགྲུབ།། ཕྱོངས་སུ་སྤྱོད་ཅིང་ཡེངས་པ་མེད།། སྟོང་དང་མཐུན་པས་ཐམས་ཅད་འགྲུབ།། སྤྱོད་པ་འདི་ལ་གང་གནས་པ།།
139a2 དེ་ནི་མི་འཆིང་གྲོལ་བར་འགྱུར།། རྣལ་འབྱོར་ཚོགས་གཉིས་རྫོགས་པ་ཡིས།། ངེས་པའི་གཞུང་དུ་དེ་འགྱུར་རོ།། འདི་དང་མི་ལྡན་གང་ཟག་རྣམས།། ཅི་ལྟར་སྤྱོད་པ་ལོག་པའི་ལམ།། ཐར་པའི་དུས་མེད་འོ་དོད་འབོད།། འཁོར་བར་འཁྱམས་པའི
139a3 ལོག་པའི་ཆོ་ས།། མནར་མེད་ཉམས་པར་དེར་འགྱུར་རོ།། དེ་ལ་དངོས་གྲུབ་འབྱུང་བར་དཀའ།། བྱས་པས་ནོར་བས་འཁྲུལ་པའི་ཆོས། ཤིན་ཏུ་མཐའ་དང་སྤོང་བར་དཀའ།། གླང་ཆེན་འདམ་དུ་ཞུགས་པ་བཞིན།། ཡན་ཕག་གཡབ་པས་ཀྱི་ཕྱིར
139a4 ན།། འདི་འདྲ་མི་ཤེས་གླེན་པ་ཡིས།། དཔྱད་ཅིང་བཙལ་ཀྱང་ཕྱི་ཕྱིར་དམ།། དེ་བས་རྣལ་འབྱོར་སྐལ་བ་བཟང་།། ཐམས་ཅད་ཀུན་གྱི་སྙིང་པོ་མཆོག། སྟོན་པ་ཉིད་ཀྱིས་འདི་བསྔགས་པས།། སྣོད་ངན་རྣམས་ལ་མི་བསྟན་པའི།། སྤྱད
139a5 པའི་སྐབས་སྦྱོར་དྲུག་པའོ།། །། ད་ནི་དམ་ཚིག་གི་སྐབས་སྦྱོར་འདི་ཡིད་ལ་ཟུང་ཞིག། དེ་ལ་སངས་རྒྱས་ཀྱི་དམ་ཚིག་གང་ཡིན་པ་སེམས་ཅན་གྱི་སྡོམ་པ་ཡིན་ལ། སེམས་ཅན་གྱི་སྡོམ་པ་གང་ཡིན་པ་སངས་རྒྱས་ཀྱི་དམ་ཚིག་ཡིན་ཏེ།
139a6 རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུངས་ཀྱང་རུང་།། མ་བསྲུངས་ཀྱང་རུང་། ཉམས་ཀྱང་རུང་། མ་ཉམས་ཀྱང་རུང་། ཤེས་ཀྱང་རུང་། མི་ཤེས་ཀྱང་རུང་སྟེ། ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་ཉིད་དུ་མཛད་པ་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི།
139a7 འདི་ལྟར་ཏེ་དམ་ཚིག་ཤེས་ན། དམ་པ་ནི་སངས་རྒྱས་དེས་ཞལ་ནས་གསུངས་པའི་ཚིག་ཡིན་པས། དམ་ཚིག་ཆོས་རྣམས་སྒྲོགས་པའི་སྲིན་ལས་སོ།། དམ་ཚིག་འདི་དག་མ་ཤེས་ན། ཡང་དག་པ་མ་ནོར་བའི་ཆོས་ཉིད་དེ་ནི། ཚིག་དང་ཡི་གེར་བྲི་བ
iiif viewer powered by OpenSeadragon
138b - 139b