e-texts navigator
Collection
Volume
Page
Wylie

138b1 མནང་ག་ཕུལ་དུ་སྦྱིན།། སྐད་པའི་མནང་ག་གཞུང་དུ་སྤྱད།། མཚན་ཉུ་དང་ཚུལ་བཟང་ལ་ཤེས།། ཡངས་ལ་ཕྱུག་ཡངས་དག་པ་མེད།། ཀུན་དང་མཐུན་ལ་ཕུ་དུ་ལ་ལགསལ།། རང་ཤས་བསྙུངས་ལ་གཞན་མ་སྤྱད།། དམ་ལགནས།
138b2 ཤིང་བསྲུགལ་བཅན།། གོ་ཡོ་མེད་ཁང་རྐྱེན་རྣམ་པར་སྤོང་།། བཀང་བཞིན་བྱེད་དང་དོན་དང་མཐུན།། འདི་དག་བཤད་པའི་སྣོད་ཡིན་ནོ།། སྣོད་མེད་རྣམས་ཀྱི་རིམ་པ་ནི།། དོན་མེད་ཁྱོད་ལ་བཤད་པར་བྱའོ། དང་པོ་ད་དྲ་པའི་གཞུང་མེད་པས།
138b3 དབུལ་བར་མི་དགའ་གཞན་ཡང་སྡོམ།། མན་ངག་ལུང་མེད་གཞོག་སློང་བྱུད།། དོན་པའི་བཀའ་མེད་ཡུག་སའི་ཚིག། ཁེ་དང་གྲགས་པའི་མཚན་ཉིད་པས།། བླ་མ་བཀུར་བར་མི་སེམས་ཤིང་།། རང་ཉིད་ཆེ་འདོད་ཚུལ་འཆོས་བྱེད།། བཀའ་བ་མི་ཉན
138b4 འཁོར་ཀུན་བསྒྱུར།། ཕན་པ་མེད་པའི་ཚིག་རྣམས་ཀྱིས།། ཐོགས་པོ་རྣམས་ཀྱི་ཞི་གཅོད་ཅིང་། བསྙེན་བསྒྲུབ་རྩོལ་བ་མ་བྱས་པར།། མཁས་པར་འཆོས་ནས་གཞན་ལ་སྨོད།། གསང་བའི་བཀའ་འཚལ་ཡོངས་སུ་འཁྱམས།། མན་ངག་གསང
138b5 འཛག་རྒྱལ་པ་བཏང་།། མཚན་ཉིད་ངང་ཚུལ་ངན་པ་དེར།། འདི་དག་བཤད་ཀྱང་གོ་མི་འགྱུར།། ཁམས་ལ་སོགས་སྟོང་ནང་དུ།། སེང་གེའི་འོ་མ་བཞོས་པ་ལྟར།། སྣོད་སྡང་ཆག་ལ་བཀྲུང་ཀྱང་འགྲོ།། དེ་བས་རིན་ཆེན་སྟོད་ནང་དུ།།
138b6 བཅུད་མི་པ་བར་གནས་པ་བཞིན།། བཀའ་བཞིན་མི་ལྡན་རྣལ་འབྱོར་པ།། བཀའ་གསང་ཡུལ་དུ་བསྟན་མི་རྩེ།། ཉམས་པའི་རྒྱུར་འགྱུར་འིཆོག་པར་ངེས།། དེ་བས་སྡོད་དང་ལྡན་པ་ཡི།། དོན་མཱ~ཾ་གཏེར་དུ་འདི་བཅང་ངོ་།། འདི་ནི་སྤྱོད་པའི་ཕྲིན་ལས
138b7 ཏེ།། འཇམ་པོར་སྤྱད་ན་ཞི་བའི་ལས།། མང་བར་སྤྲད་ན་རྒྱས་པའི་ལས།། ཀུན་གྱི་བཟླུམས་ན་དབང་གི་ལས།། དྲག་པོར་སྦེད་ན་མངོན་སྐྲོད་ལས།། མ་པྱད་བཞག་ན་ཆོས་ཉིད་ལས།། སྤོང་བའི་ཕྲིན་ལས་མཐར་རྫོགས་པས།། འདི་ལྟར་སྤྱོད




iiif viewer powered by OpenSeadragon

138a - 139a

Texts on this page

Gdg008.6 - phrin las thams cad kyi rgyal po skabs sbyor bdus pa'i rgyud