e-texts navigator
Collection
Volume
Page
Wylie

138a1 དྷུ། དེ་ནས་ཕུང་པོ་ཧཱུ~ཾ། དེ་ནས་དུག་གསུམ་ཕཊ། དེ་ནས་སྟབས་འདུལ་བར་མཛད་པའི་ཕྱིར། ཞི་ཞི་དེ་མ་མཱ་ཨཱ། དེ་ནས་དོན་དང་མཐུན་པར་བྱ་བའི་ཕྱིར་འདི་སྐད་ཅེས་བཀའ་སྩལ་ཏོ།། དང་པོར་གང་ཡིན་ང་ཡིན་པ།
138a2 ང་ནི་རྒྱལ་བ་ཀུན་གྱི་ཡབ།། བར་དུ་ཐམས་ཅད་ངས་སྤྱོད་པས།། ད་ནི་ཐམས་ཅད་ཀུན་གྱི་རྗེ།། ཐ་མར་ཐབས་ཀྱིས་ངས་འདུལ་བ།། ད་ནི་རྣལ་འགྱོར་ཡོངས་ཀྱི་དཔོན།། ལམས་གསུམ་དག་ནང་དབང་ཆེ།། ང་ཡི་གོང་ན་སུ་ཡང་མེད།། སྲྀད
138a3 གསུམ་ཆད་ལྟར་ཕབ་ཀྱང་ང་མི་འཆི།། ཁམས་གསུམ་ཆུ་ལྟར་འབྲུག་ཀྱང་ང་མི་འཁྱེར།། རྒྱུད་དྲུག་མེ་ལྟང་འབར་ཀྱང་ང་མི་འཚིག། སྟོང་གསུམ་རླུང་ལྟར་འཕྱོ་ཡང་ང་མི་བསྐྱོད།། དུག་གསུམ་མུན་ལྟར་འཇིབས་ཀྱང་ང་མི་འཐོམ།། ཡེ་ཤེས
138a4 ཉི་མ་ཤར་ཡང་གསལ་ཆུ་མེད།། མ་རིག་མུན་པ་བྱུང་ཡང་གནག་རྒྱུ་མེད།། སྐྱེ་ཤི་རེས་སུ་བཅད་ཀྱང་འཆིང་བ་མེད།། ཉོན་མོངས་དུག་གསུམ་གནས་ཀྱང་ཡེངས་པ་མེད།། དངོས་གྲུབ་རྣམ་གསུམ་ཡིན་ཡང་ཆགས་པ་མེད།། ཆོས་སུ་འགྱུར
138a5 མེད་འགྲུབ་ཀྱང་བཙལ་བ་མེད།། དང་བྱུང་ཉིད་དུ་གནས་པས་ངག་མི་ལུས།། སྙིང་པོ་ལྷུན་གྱིས་གྲུབ་པས་རྟེན་མི་བཅང་།། རྣལ་འབྱོར་སྤོད་པའི་ཕྲིན་ལས་ནི།། དང་པོ་ཐ་མ་མེད་པ་ལ།། ཡེངས་པ་མེད་པའི་ལས་སྤྱོད་པ།། འདི་ནི་ཕྲིན་ལས་དང
138a6 པོའོ།། ཡིད་ཀྱིས་ཤེས་པ་གསལ་བཏབ་ནས།། གསང་ཆེན་ངེས་པའི་དོན་རིག་པ།། འདི་ནི་ཕྲིན་ལས་གཉིས་པའོ།། རྣལ་འབྱོར་བླ་མ་བློ་ལྡན་ལ།། ལུང་དང་མཐུན་པའི་དོན་བསྟན་པ།། འདི་ནི་ཕྲིན་ལས་གསུམ་པོའོ།། གཞན་ཡང་ཕྲིན
138a7 ལས་འདི་སྤྱོད་པ།། ཆུང་འདི་ཉན་པར་གང་བྱེད་པ།། སྣོད་ཀྱི་རིམ་པ་འདི་དག་གོ།། དང་པོར་དད་པའི་ཡོན་གྱིས་བསྟེན།། བར་དུ་སློབ་དཔོན་མིག་ལྟར་ཁུར།། ཐ་མར་མན་ངག་གཏིང་ནས་ནོས།། ལྟ་བའི་མན་ངག་གདེང་དུ་ཚུད།། སྒྲུབ་པའི




iiif viewer powered by OpenSeadragon

137b - 138b

Texts on this page

Gdg008.6 - phrin las thams cad kyi rgyal po skabs sbyor bdus pa'i rgyud