| | e-texts navigator
|
135b1 མང་དང་པོར་གང་བསླབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལྔས་ཡོན།། མཉམ་པ་ཉིད་དུ་གང་བསྒྲུབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལས་ཡིན།། ཐིག་ལེ་ཆེན་པོར་གང་བསྲུབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལས་ཡིན།། མ་བཀ
135b2 ཀློང་རུ་གང་བསྒྲུབ་པ།། འདི་ཡང་སྲུབ་པའི་ཕྲིན་ལས་ཡིན།། ཀུན་ཏུ་བཟང་པོར་གང་བསྒྲུབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལས་ཡིན།། བསྒྲུབ་པའི་རྒྱལ་པོ་སྩོལ་བ་ཡང་།། ཐམས་ཅད་བསླབས་པས་ཐམས་ཅད་འགྲུབ།། གྲུབ་ཙམ
135b3 ཉིད་ན་གྲུབ་པ་མེད།། བསྲུབ་པ་མེད་ཙམ་རྫོགས་ཀྱང་རྫོགས།། སྙིང་པོ་བྱང་ཆུབ་བཅོས་མེད་པའི།། རྐུ་འབྲས་མེད་པའི་དངོས་གྲུབ་འདི།། སངས་རྒྱས་བྱང་ཆུབ་ཉིད་ཀྱིས་མཁྱེན།། གང་ལ་ཕྱོགས་ཆེར་བསྟན་པ་འདི།། དེ་ནི་བདེ་གཤེགས་སྙེད
135b4 མིན།། དོན་དང་མཐུན་པའི་རྣལ་འགྲོར་པ།། དོན་ལ་ཐེ་ཚོམ་མེད་པའི་བློས།། སྔགས་པ་བློ་ལྡན་འདི་ལྟར་བསྒྲུབ།། དེ་ནི་ནམ་མཁར་འགྲོ་ཞེས་བཤད།། ཕ་དང་མ་ལ་སོགས་པ་དང་།། བུ་དང་ཆུང་མ་གང་ཡིན་པ།། ཡིད་དོང་ནགས
135b5 གནས་མེད་དེ།། རྟོག་པས་བསྐལ་ལ་བསྒྲུབ་པ་བརྩམ།། བྱང་ཆུབ་སྙིང་པོར་འགྲུབ་ཅེས་བཤད།། དེ་སྐད་ཅེས་སྟོན་པས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་རྟོག་པ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན
135b6 འདས་ཕ་མ་བ་སོགས་པ། མཚམས་མེད་པ་ལྔའི་ལས་དེ། བསྒྲུབ་པའི་མཆོག་ཏུ་གསུངས་པ་དེ། ཨོཾ་མ་ཧོ་ངོ་མཚོར་གྲགས་ན་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་སེམས་དབང་ཕ་མ་རིག་པ་དང་། མ་འདོད
135b7 ཆགས་དང་། བུ་སྙིང་རྗེ་དང་། ཆུང་མཉོན་མོངས་པ་དང་། ཡིད་འོང་གཉེན་སྡུག་རྟག་ཆད་རྣམས་ནི། རང་བཞིན་གྱིས་མི་གནས་པས་ནི།། མ་སྐྱེས་པ་ཉིད་ཡིད་རང་བྱུང་དུ་བསྒྲལ་ན། སྙིང་པོ་བྱང་ཆུབ་སེམས་ཀྱི་དོན་མ་ནོར་བར་རྟོགས་པ་ཡིན་ཏེ།
iiif viewer powered by OpenSeadragon
135a - 136a