| | e-texts navigator
|
135a1 བྱུ། ནུབ་སྒྲུབས་ཀྱང་དང་། བསྒྱངས་པ་ཟིན་ལས་རྟགས་ཀྱང་ང་། མཛུགས་ཀྱང་དང་། བསླབས་པ་ལྡན་ལས་ཀྱིས་བས་སྤྱོད་ཉིང་དུམ་དང་རྩཝ་ཀྱང་བྱེད་ཞན། དོན་འད་གྱུར་བཏུད་ད་ཆུ
135a2 དང་ཕྱག་རྒྱར་བསྐབས་ན། སྐུ་དང་བྲག་ཏུ་ལ་སོགས་པ་ཐམས་ཅད་བྱུང་ཡང་བདག་ཉིད་ལས་བྱུང་ལ། ཆོས་ཐམས་ཅད་ཀྱང་བདག་ཉིད་ཀྱིས་ཐོབ་པར་རང་ལ་རང་ཆས་སུ་ཡོད་པས། བསླབ་པའི་གཞུང་མ་ནོར་བའི་ཕྲིན་ལས་སོ།། བསྒྲུབས་པར
135a3 ཕྲིན་ལས་རྫོགས་ནི་རིག་པའི་ཀློང་དུ་གྱུར་པ་ལ། ལས་དང་བྱ་བ་ཚང་ཞི་དོན་དང་མན་ངག་རྫོགས་པས་བསྐྱབ་པ་ཐོགས་ཆགས་མེད་པའི་ཕྲིན་ལས་སོ།། བསྒྲུབས་པའི་ཕྲིན་ལས་མཛེགས་ན། དོན་གྱི་མན་ངག་ནང་ནས་ཤར་བ་ལ། གཉིས་སུ
135a4 མེད་ཅིང་རྩོལ་བ་ལས་མ་གྲུབ་པས། མ་རྟོགས་སུ་ཟད་པས། བསྐྱབ་པ་བཙལ་དུ་མེད་པའི་ཕྲིན་ལས་སོ།། བསྒྲུབས་པའི་དངོས་གྲུབ་ཐོབ་པའི་དོན་ཡིན་པས། ཤེས་པ་གདེངསུ་ཆུད། རིག་པ་ནང་ནས་གས་ལ། མན་ངག་ངེས་པར་ཐོབ
135a5 པས། བསྒྲུབ་པ་མཐར་ཕྱིན་པའི་ཕྲིན་ལས་སོ།། བསྒྲུབས་པའི་དངོས་གྲུབ་མ་ཐོབ་ན། ཡེ་ནས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ལ། གྲུབ་ཀྱང་གཞན་དུ་མ་སྤངས་ལ། མ་གྲུབ་ཀྱང་མེད་ཅིང་ལུས་པའི་ཆུ་མེད་པས། བསླབ་པ་ཚང་ཞིང་རྫོགས
135a6 པའི་ཕྲིན་ལས་སོ།། དེ་པས་ན་བརླབས་པའི་ཕྲིན་ལས་དུས་གསུམ་བུ་ཡེངས་པ་མེད་པར་འགྲུབ་པ་སྟེ། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། བསླབས་པའི་རྒྱལ་པོ་སངས་རྒྱས་རྣམས་ཀྱི་བཀའ། ཚུལ་འཆང་གཞུང་ལས་ཀྱེ་སྟེ་བཤད་པར་བྱའོ།།
135a7 རྒྱུ་ཉིད་དགང་གང་བསྲུབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལས་ཡིན།། རྩོལ་བ་སྒྲུབ་མེད་པར་གང་བསྒྲུབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལས་ཡིན།། མ་བཅོལ་བཞག་པས་གང་བསྒྲུབ་པ།། འདི་ཡང་སྒྲུབས་པའི་ཕྲིན་ལས་ཡིན།། བཅོས
iiif viewer powered by OpenSeadragon
134b - 135b