| | e-texts navigator
|
133b1 ཁང་དུ་དགོངས་པའི་ཕྲིན་ལསས།། སེམས་ཀྱིས་མ་བསམས་ན། གཞི་ཉིད་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ། ཡེ་ནས་བྱས་ཟིན་པ་ལ་ཐུགས་བཙལ་བ་མེད་ཅུང་། བརྒྱད་བསྒོམ་དང་བྲལ་བས་དགོངས་པ་ཕྲིན་ལས་སོ།། དེ་བས་ན་ལང
133b2 ཐུགས་ཀྱི་ཕྲིན་ལས་ནི། ཐམས་ཅད་དུ་ཡེ་ཤེས་ཀྱི་ཕྲིན་ལས་ལུས་ཡེངས་པ་མེད་པར་མཛད་དོ།། དེ་ལ་འདི་སྐད་རྗེས་བརྗོད་པར་བྱའོ།། རང་རིག་ཡེ་ཤེས་བདེ་གཤེགས་རྣམས་ཀྱི་རྡུགས།། མི་བརྗེད་མ་ཡེངས་དོན་གྱི་སྙིང་པོར་རྟགས།
133b3 རང་རིག་གྲོས་བྲལ་འཛིན་མེད་ཡེ་ཤེས་ལ།། ཐབས་མཁས་བདེ་ཆེན་བྱང་ཆུབ་སེམས་རྣམས་འབྱུང་།། ཐུགས་རྗེ་ཆེན་པོས་ཡོངས་ལ་ཁྱབ་པར་མཛད།། འགྲོ་བའི་དོན་རྟོགས་ཐུགས་ཀྱི་ཕྲིན་པས་ནི།། མུན་པའི་སྒོ་སྐྱེ་ཁ་ལོ་གྱེན་དུ་བསྒྱུར།
133b4 ཡེ་ཤེས་ཐུགས་ཀྱི་ཡོན་ཏན་བརྗོད་མི་ལངས།། ཅི་ལྟར་དགོངས་པ་ཡེ་ཤེས་རྒྱ་མཚོ་སྟེ།། དགོངས་པའི་མན་ངག་ཡིད་ལ་སྣང་བར་འགྱུར།། ངེས་པའི་དོན་འདི་གང་ཞིག་རྟོགས་པ་དང་།། དོན་ལ་གོམས་པའི་སྐྱེས་བུ་ཆེན་པོ་དེས།། ཅི་ལྟར་བསམས།
133b5 ཀྱང་དགོངས་པའི་ཀློང་དུ་འགྱུར།། སེམས་ཅན་གཞན་གྱི་དོན་ཀྱང་བྱེད་པར་ནུས།། ཡང་དག་དོན་དང་ལྡན་པར་རྒྱལ་བས་གསུངས།། གང་ཞིག་འདི་དང་མི་ལྡན་ཐུགས་དགོངས་པ།། དོན་དུ་བཅོས་ཀྱང་ཤེས་པར་མི་འགྱུར་ཏེ།། དཔེར་ན་ཚངས་པ
133b6 མ་ཁྱེན་དྲན་རྣམས་ཡིན།། ལེགས་པར་སྡུད་པར་ཉེས་པར་གྱུར་པ་དག། འདི་ལྟར་མཏོགས་གང་ཟག་གཞན་རྣམས་གིས།། གཞུང་དུ་བསྒོམས་ཀྱང་གང་ཡང་འགྲུབ་པ་མེད།། སེམས་ལ་བ་དྲན་དགོངས་པའི་རྒྱ་མཚལ།། གཞན་གཅི་བས་མཛ
133b7 འབྱོར་དགོངས་པའི་བྲལ།། སེམས་ཀྱི་དྲན་ཏོགཟིག་པོ་སྤྲོས་པ་མེད།། དོན་གྱི་དགོངས་པས་ཕྱོགས་དེ་རྟོག་པ་སྤངས།། བཀའ་དང་འཚམས་པར་བརྗོད་པ་དོན་དུ་འགྱུར།། སྟོན་པའི་བཀ་ངམ་ང་སྟེ་བཤད་པར་བྱའོ།། འདི་ད་མ་ལྡན་པ
iiif viewer powered by OpenSeadragon
133a - 134a