e-texts navigator
Collection
Volume
Page
Wylie

132a1 ར་རྒྱ། པཱ།། དུ་མཆོས་ཉམས་པའི་ཆུར་འགྱུར་རོ།། བཤད་ཀྱང་དོན་མེད་ག་ཡེངས་པའི་ན།། འདི་ལྟར་རྟོགས་ནས་གང་སྒྲུབ།། ལོག་བང་བསྟན་གྲང་ངེས་པའི་ལུང་།། སྤྲོས་པ་མེད་པའི་ཆོས་མཛད་དེ།། མན་ངག་བདུད་རྩའ་ཆར་།
132a2 ཕབ་པའོ།། གསུང་གི་སྐབས་སྒོར་གཉིས་པའོ།། ། ད་ནི་ཐུགས་ཀྱི་ཕྲིན་ལས་ཀྱི་སྐབས་སྦྱོར་འདི་ཡིད་ལ་ཟུང་ཞིག། དེ་ལ་སངས་རྒྱས་ཀྱི་ཐུགས་གང་ཡིན་སེམས་ཅན་གྱི་ཡིད་ལ། སེམས་ཅན་གྱི་ཡིད་གང་ཡིན་པ་བདག་གི་སེམས་ཏེ།
132a3 བདག་གིས་བསམས་ཀྱང་རུང་། མ་བསམས་ཀྱང་རུང་། ཡིད་ལ་དྲན་ཡང་རུང་། མ་དྲན་ཡང་རུང་། ཉོན་མོངས་པ་ལྔའི་སེམས་སྐྱེས་ཀྱང་རུང་། མ་སྐྱེས་ཀྱང་རུང་། བཟང་པོར་བསམས་ཀྱང་རུང་། ངན་པར་བསམས་ཀྱང་རུང་། གཙང་བར
132a4 བསམས་ཀྱང་རུང་། མི་གཙང་བར་བསམས་ཀྱང་རུང་། དགའ་བར་བསམས་ཀྱང་རུང་། མི་དགའ་བར་བསམས་ཀྱང་རུང་། སྐྱེ་བར་བསམས་ཀྱང་རུང་། འཆི་བར་བསམས་ཀྱང་རུང་། རུང་བར་བསམས་ཀྱང་རུང་། མི་རུང་བར་བསམས་ཀྱང
132a5 རུང་། སྐྱེས་པར་བསམས་ཀྱང་རུང་། བུད་མེད་དང་མ་ནིང་ལ་སོགས་པ་འགྲོ་བ་རིགས་དྲུག་ཏུ་བསམས་ཀྱང་རུང་། མ་བསམས་ཀྱང་རུང་། གཟུགས་དང་ཁ་དོག་ལ་སོགས་པ་ཡུལ་དང་དབྱིངས་སུ་བསམས་ཀྱང་རུང་། མ་བསམས་ཀྱང་རུང་སྟེ།
132a6 ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྟོར་བ་ཉིད་དུ་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡིད་ལ་བསམས་ན། ཆོས་ཉིད་ཀྱི་ཀློང་ན་རིག་པའི་ཡེ་ཤེས་མ་བརྗོད་པའི་དགོངས་པ་རྒྱུན་མི་འཆད་པ་སྟེ་ཡིད་རྣལ་འབྱོར་གྱི་དགོངས་པ་ལ་བཞུགས་པའི་ཕྲིན་ལས་སོ།།
132a7 ཡིད་ཀྱིས་མ་བསམས་པ་འཛིན་རྟོག་མེད་པའི་ཤེས་རབ་ཀྱིས་རང་བཞིན་བྱུང་ཚོར་སྤོང་བའི་ཐབས་ལ་མཁས་པའི་རོལ་པ་སྟེ་རྣམ་པར་མི་རྟོག་སྨྲ་བསམ་བརྗོད་ལས་འདས་པའོ།། ཡོན་ཅེས་སྒོ་མ་བཏགས། མེད་ཅེས་སྐུར་པ་མ་བཏབ། ཅི་ལ་ཡང་སེམས་ཀྱིས།།




iiif viewer powered by OpenSeadragon

131b - 132b

Texts on this page

Gdg008.6 - phrin las thams cad kyi rgyal po skabs sbyor bdus pa'i rgyud