e-texts navigator
Collection
Volume
Page
Wylie

131b1 བཞད་གང་བྲོ་མང་གཏམ་དུ་སྐབ་སྟེ་གསུང་དགྱེས་བརྒྱན་པར་ཕྲན་ལསས།། ངགཞི་སྡང་གཱ་ཁྲག་ཏུམ་དང་བྱམས་པའི་གཏམ་ངག་ཏུ་བརྗོད་པན། གཟུང་འཛིན་གྱི་རྣམ་པར་རྟོག་པ་སྲན་ཕྱུང་བ་དང་། ཆོས་ཉིད་དྲུག་དུ་བྲེ་པའི་སྙིང་རྗེ་བཟུང་བས་ཁྲོག་ཏུམ
131b2 དང་གདམས་ངག་སྨྲ་བ་སྟེ་གསུང་ཇི་ལྟར་འདུལ་བ་བཞིན་དུ་མཛད་པའི་ཕྲིན་ལས་མཛད་པའོ།། དེ་བས་མན་ངག་གསུང་གི་ཕྲིན་ལས་མཛད་པ་ནི། ཐམས་ཅད་ཆོས་ཉིད་དུ་ཕྲིན་ལས་ཡེངས་པ་མེད་པར་མཛད་པ་སྟེ། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། རང་བཞིན
131b3 སྤྲོས་བྲལ་བདེ་གཤེགས་རྣམས་ཀྱི་གསུང་།། བརྗོད་མེད་མ་སྐྱེས་ཡེ་ནས་སྤྱོང་པའི་གཞི།། ཚིག་དང་ཡི་ག་མ་བརྟགས་མཚན་མ་མེད།། དངོས་མེད་མ་སྐྱེས་ཆོས་རྣམས་འབྱུང་བའི་མཛོད།། ཐབས་ལ་མཁས་པས་ཡོངས་ལ་ཟབ་པར་རྫོགས།
131b4 འགྲོ་བའི་དོན་མཛད་གསུང་རབ་བདུད་རྩིའི་བཅུད་།། མ་རིག་ལོག་རྟོག་ཁ་ལོ་གྱེན་ལ་བསྒྱུར།། དམ་པ་ཆོས་ཀྱི་ཡོན་ཏན་བརྗོད་མི་ལངས།། ཇི་སྙེད་བརྗོད་པས་གསུང་རབ་རྒྱ་མཚོ་སྟེ།། ཐེག་པའི་བྱེ་བྲག་བྲོ་ལ་སྣང་བར་འགྱུར།། དོན་འདི་གང་ཞིང་། བླ་ལ་འཆང
131b5 དང་།། ངེས་པར་སེམས་ལ་གསལ་བའི་རྣལ་འབྱོར་དེས།། ཇི་སྙེད་བརྗོད་པ་ཆོས་ཀྱི་སྒོ་མོ་ལ།། ཕ་རོལ་གཞན་གྱིས་ཤེས་པས་གྲོལ་བ་ཡིས།། གསུང་རབ་དོན་དང་ལྡན་པ་རྒྱལ་བས་གསུངས།། གང་ཞིག་འདི་དང་མ་ལྡན་ཆོས་སྒྲུབ།། བདེན་པར་སྦས་ཀྱང་ཕ
131b6 རོལ་མི་གོ་སྟེ།། དཔེར་ན་རྒྱལ་པོ་མ་ཡིན་དམངས་རྣམས་ཀྱིས།། བདེན་པར་སྨྲས་ཀྱང་ཉན་པ་མེད་པ་ལྟར།། འདི་དག་མེ་ཤེས་རྣལ་འབྱོར་གཞན་རྣམས་ཀྱིས།། དོན་དང་ལྡན་ཡང་གང་ཡང་འདྲལ་བ་མེད།། ཞལ་ནས་ཅི་གསུངས་གསུང་རབ་བདུད་རྩི་ལ།
131b7 གཞན་ལ་ཅོ་བརྗོད་མན་ངག་སྟོན་པའི་མཆོག། ཚིག་གི་སྒྲ་སྐ་བྱེ་མེད་ཆོས་ཀྱི་དབྱིངས།། དོན་གྱི་བདན་པས་ངར་འཛིན་རྟག་པ་མེད།། ལུང་དང་ལྡན་པས་བརྗོད་པ་དོན་གྱི་དབང་།། བླ་མའི་ཝང་ལས་བྱུང་སྟེ་བསྟན་པར་བྱའོ།། འདི་དང་མི་རྗེན་ཆོས་།




iiif viewer powered by OpenSeadragon

131a - 132a

Texts on this page

Gdg008.6 - phrin las thams cad kyi rgyal po skabs sbyor bdus pa'i rgyud