e-texts navigator
Collection
Volume
Page
Wylie

131a1 ཀྱིས་འགྲོ་བཀུན་གྱི་ཡིད་ཚིམ་པའི་རང་བཞིན་པས། དབང་པོ་ཚམ་ཞི་གོ་བར་བྱེད་པས་སྙན་པར་སྒྲུབ་སྟེ་གསུང་ཀུན་དང་མཐུན་པ་ཕྲིན་ལས་ས།། ངག་གིས་མ་སྙན་པར་ལུས་ཤིང་བརྗོད་ན། དཔེར་ན་དང་སྔང་བ་ཉིད་ཀྱ་།
131a2 དགེ་བའི་བཤེས་གཉེན་ལ།། སྙན་པར་སྨྲས་པ་ཉིད་ནི། རྒྱལ་ཤེས་པ་ཆེ་བས། འབྲས་བུ་འཁོར་བར་ཆགས་ཀྱིས་དོགས་པས་མི་སྙན་པར་བརྗོད་པ་སྟེ་གསུང་ཆགས་པ་དང་བྲལ་བའི་ཕྲིན་ལས་སོ།། ངག་གིས་སྒྲ་ལྟེང་ལྷང་སྒོར་བརྗོད་ནའང་། སྒྲས་དབང་པོ
131a3 ཚིམ་ཞིང་སྒྲ་མཐར་སྟོང་པ་དང་འདྲ་བར། ཆོས་ཉིད་བྱེ་བ་མེད་པའི་དོན་གྱིས་ཕ་རོལ་གྱི་ཡིད་ཚིམ་པར་བྱེད་ཅིང་། ཆོས་ཐམས་ཅད་ད་བཞིན་གྱིས་སྐུ་མཐང་སྟོང་སྟེ། དེས་སྒྲ་ལྷར་ལྗང་པོར་བརྗོད་པས། གསུང་གོ་བར་སྒྲོགས་པའི་དྲིན་ལས་སོ།། ངག་གིས
131a4 གསང་སྟེ་ཤུབ་བུར་བརྗོད་དེ་སྙིང་པོ་མ་ཡིན་པའི་སྙིང་པོ་ཡིད་ལ་བཟླས་པས། གསང་སྟེ་ཤུབ་བུར་བརྗོད་པ་སྟེ་གསུང་གསང་བའི་སྙིང་པོ་སྔགས་ཀྱི་ཕྲིན་ལས་སོ།། གང་ཟག་གིས་སྤེན་ཚིག་ཏུ་སྨྲས་ན། འདུལ་བའི་དུས་ལ་གང་ལ་བབ་པར་གསུང་ཇི་སྐད་བསྐུར
131a5 དུ་རུང་བས། དོན་དུ་མི་འགལ་ན་ནི་ཚིག་ཉིད་ཀྱང་སྒྲེན་ཚིག་ཏུ་སྨྲ་བ་སྟེ་གསུང་ཐབས་མཁས་པའི་ཕྲིན་ལས་སོ།། མན་ངག་གི་ཆོས་ཉིད་དུ་བརྗོད་ན། ཆོས་ཀྱི་འཁོར་ལོ་གསུང་དབྱངས་བརྒྱ་དང་ལྡན་པས། དབང་པོར་རབ་འབྲིང་གསུམ་ལ་ཇི་ལྟར་འདུལ་བ་བཞིན
131a6 གོ་བ་ནི་ཆོས་ཉིད་དུ་བརྗོད་པ་སྟེ། གསུང་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྲིན་ལས་སོ།། ངག་འདོད་ཆགས་ཀྱི་སྦྱོར་སྔགས་སུ་བརྗོད་ན། ཐམས་ཅད་ཡབ་ཡུམ་གྱི་ཚུལ་དུ་སྦྱོར་བའི་བརྡའ་སྐད་དུ་སྨྲ་བ་སྟེ། གཉིས་སུ་མེད་པའི་ཆོས་རྣམས་ཀྱི་རང་བཞིན་པས། འདོད
131a7 ཆགས་ཀྱི་སྒོར་སྔགས་སུ་བརྗོད་པ་སྟེ་གསུང་གཉིས་སུ་མེད་པའི་ཕྲིན་ལས་སོ།། ངག་བཞད་གད་ཀྱི་བྲེ་མོའི་གཏམ་དྲི་བརྗོད་ན། དགྱེས་པ་ཆེན་པོ་ཆོས་ཉིད་ཀྱི་སྒྲ་བརྙན་དུ་བསྟན་པ་སྟེ། རང་བཞིན་གྱིས་བསྟན་པ་ཉོན་མོངས་པ་རང་གམས་མི་དཀའ་བ་མེད་པས།




iiif viewer powered by OpenSeadragon

130b - 131b

Texts on this page

Gdg008.6 - phrin las thams cad kyi rgyal po skabs sbyor bdus pa'i rgyud