e-texts navigator
Collection
Volume
Page
Wylie

130b1 གིསླབས་སྦྱར་ཡད་ལ་ཟུང་ནོག།། དེ་ལ་སངས་རྒྱས་ཀྱི་གསུང་གང་ཡིན་པ་སེམས་ཅན་ཀྱི་གཡོན་ལ། སེམས་ཅན་གྱི་ངག་གང་ཡིན་པ་བདག་གིས་སླབ་སྟེ། བདག་གིས་སྒྲུབ་བརྗོད་གང་དྲང་། མ་བརྗོད་ཅུ་དང་། བདོན་པར་སྲས་ཀྱང་དྲང་། རྫུན་པར་སྨྲས་ཀྱང་།
130b2 རུང་། སྙན་པར་སྨྲས་ཀྱང་རུང་། མི་སྙན་པར་སྤྲས་ཀྱང་རུང་། སྦ་ལྷང་སྒང་པོར་སྨས་ཀྱང་རུང་། གསང་སྟེ་ཤུབ་བུར་བརྗོད་ཀྱང་རུང་། གང་ཟག་གི་སྤེན་ཚིག་ཏུ་སྦས་ཀྱང་རུང་། སྲན་ངག་གི་ཆོས་ཉིད་དུ་བརྗོད་ཀྱང་དྲུང་། འདོད་ཆགས་ཀྱི་སྦྱོར་སྔགས་སུ
130b3 བརྗོད་ཀྱང་རུང་། བཞད་གད་ཀྱི་བྲེ་མོའི་གཏམ་དུ་སྨྲས་ཀྱང་རུང་། ཞེ་སྡང་གི་ཁྲོ་གཏུམ་དང་བྱམས་པའི་གཏམ་ངག་ཏུ་སྨྲས་ཀྱང་རུང་སྟེ། ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་ཉིད་དུ་མཛད་པ་སྟེ། ད་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ངག་སྨྲ་ཞིང་བརྗོད་ན། སྐྱེ་བ་མེད
130b4 པའི་ཆོས་ཀྱི་དབྱིངས་རུམ་ནས། འགྲོ་བ་འདུལ་བའི་ཐབས་སུ་ཐུགས་ཀྱིས་དགོངས་ནས། མགུར་གྱི་བུམ་པ་ལས་ཕྱུང་། སྔགས་ཀྱི་དབང་པོ་ལ་བཀྲམ་ནས། སྣོད་ཀྱི་རིམ་པར་བསྒྲགས་པས། ངག་གསུང་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྲིན་ལས
130b5 སོ།། ངག་གིས་མ་བརྗོད་ཅིང་མ་བླངས་ན། གསུང་ཆོས་ཉིད་བདེན་པའི་དོན་ལ་ཚིག་ཏུ་མ་གསུངས་པས་ཀྱང་དོན་གོ་བར་བཞེད་པས། མ་གཡོས་པའི་ཆོས་ཉི་དཀྱི་གསུང་ལ། སྐྱེ་བ་མེད་པའི་གསུང་ཅང་མི་གསུང་བར་བཞུགས་པས། ངག་གསུང་བརྗོད་པ
130b6 པའི་ཕྲིན་ལས་སོ།། ངག་གིས་བདེན་པར་སྤྱན། མར་ཁུ་ཁོལ་མའི་ནང་དུ་ཆུ་མི་གནས་པ་བཞིན་དུ། ཆོས་ཉིད་ལརྫུན་གསུང་དུའི་མདའ་སྟེ། ཧཾ་གསུངས་པ་དོན་དང་ལྡན་པས། རྫུན་མེད་པའི་རང་བཞིན་ཏེ། གསུང་བདེན་པའི་ཕྲིན་ལས་སོ།
130b7 གིས་རྫུན་དུ་སྦས་ཤིང་བརྗོད་ན། གསུང་རབ་དམ་པའི་ཆོས་ཀྱིས་ཉོན་མོངས་པར་ཁོར་བ་དང་འདྲི་ལ། རྫུན་དང་འདྲ་བ་ཡིན་པས། གསུང་འཁོར་བ་འདྲེན་པའི་ཕྲིན་ལས་སོ།། ངག་གིས་སྙན་པར་སྦས་ཤིང་བརྗོད་ན། ཆོས་ཉིད་ཀྱི་བྱིན




iiif viewer powered by OpenSeadragon

130a - 131a

Texts on this page

Gdg008.6 - phrin las thams cad kyi rgyal po skabs sbyor bdus pa'i rgyud