| | e-texts navigator
|
12b1 འི་དམ་པ་ནི།། རིན་ཆེན་འཛིན་གྱི་དབང་ཐོབ་སྟས།། བཛྲའི་རྫིང་ན་རྩེ་བ་དང་།། དེ་ལ་རྩེ་ཞིང་ཟ་བ་དང་།། གླེགས་པ་མ་ཟབ་མོ་རྙེད་པ་དང་།། དེ་ལ་འཆད་ཅིང་ཀློག་པ་དང་།། འགྲོ་བ་དག་ལ་ཆོས་སྟོན་དང་།། དགེ་སློང་དགེ་འདུན་རྣམས་ཀྱིས་བསྐོར།
12b2 དེ་ལ་རྫོགས་པའི་ལྷས་རྣམས་ཞི།། རྡོ་རྗེ་ཆོས་ཀྱི་དབང་ཐོབ་ཡིན།། ལས་རྣམས་ཀུན་ལ་འཇུག་པ་དང་།། རལ་གྲི་ལག་ཏུ་ཐོགས་པ་དང་།། རི་རབ་གླད་ལ་བསྐོར་བ་དང་།། ཉི་ཟླ་ལག་པས་བཟུང་བ་དང་།། གསོད་དང་གསད་དང་རྒྱལ་བ་དང་།། ཐེག་པ་རྣམས་ལ་ཞོ
12b3 པ་དང་།། དེ་ལ་སྩོགས་པའི་ལྟས་རྣམས་ནི།། སྣ་ཚོགས་རྡོ་རྗེའི་དབང་ཐོབ་ལྟས།། རྨེ་ལྟས་མཚན་མ་ཇི་སྙེད་པ།། ཇི་ལྟར་རྨི་ཞིང་མཐོང་བའམ།། ཡང་ན་ཅི་ཡང་མ་མཐོང་བའམ།། མངོན་སུམ་གསལ་བ་ཐམས་ཅད་ཀུན།། སྤྱི་ཡི་དབང་ཐོབ་ལྷས
12b4 སུ་རུང་།། གང་ཞིག་དཀྱིལ་འཁོར་འདི་དག་ཏུ།། ཞུགས་ནས་དབང་ཐོབ་གང་ཟག་དེ།། འཇིག་རྟེན་གཙོ་དང་འཁོར་གྱི་ས་བཀུར།། ཚེ་རིང་བདེ་བ་ཕུན་སུམ་ཚོགས།། ཀུན་གྱིས་བསྟོད་ཅིང་བཀུར་བ་དང་།། སྡུག་ཅིང་བསྔགས་པ་བརྗོད་པ་དང་།། ནད་མེད
12b5 ལང་ཚོ་བདེ་བ་དང་།། འཇིག་རྟེན་མཐུ་ཆེན་འདུལ་བ་དང་།། སངས་རྒྱས་ཀུན་གྱིས་སྲས་སུ་དགོངས།། རྒྱལ་སྲས་རྣམས་ཀྱིས་གྲོགས་སུ་མཐོང་།། དེ་ལ་སྩོགས་ཏེ་བསམ་མི་ཁྱབ།། སངས་རྒྱས་དག་ནི་ཐམས་ཅད་ཀྱི།། སྐུ་ཡི་དཀྱིལ་འཁོར་བཀོད
12b6 པཱ་ལས།། རྣམ་པ་མཐའ་ཡས་གྲུབ་པར་འགྱུར།། གཞན་ཡང་སངས་རྒྱས་ཐམས་ཅད་ཀྱི།། ཡི་གེ་གསུང་གི་དཀྱིལ་འཁོར་ནི།། ཇི་བཞིན་དཀྱིལ་འཁོར་བྲིས་པ་ལས།། ཡི་གེ་གསུང་གི་ཕྱག་ཀྱའི་ཚོགས།། ཇི་བཞིན་གསལ་བར་བཀོད་པ་ཡི།།
12b7 དཀྱིལ་འཁོར་དག་ཏུ་སློབ་མ་རྣམས།། ཞུགས་པ་ཡང་ནི་དེ་བཞིན་ནོ།། གཞན་ཡང་སངས་རྒྱས་ཐམས་ཅད་ཀྱི།། ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི།། ཇི་བཞིན་དཀྱིལ་འཁོར་བྲིས་ནས་ཀྱང་།། སོ་སོའི་རང་རྟགས་ཕྱག་མཚན་རྣམས།། ཇི་བཞིན་གནས་སུ
iiif viewer powered by OpenSeadragon
12a - 13a