e-texts navigator
Collection
Volume
Page
Wylie

129b1 ཡུམ་ཀུ་ཏུ་བཟང་མོའི་རང་བཞིན་དག་པ་མཁའ་ལ་བཞུགས་པའི་སྱཱ།། ཡབ་ཡུམ་དུ་སྦྱོང་བའི་ཕྲིན་ལས་སོ།། ལུས་འགྲོ་ན་ཐུགས་རྗེ་ཆེན་པོས་ཡོངས་ལ་ཁྱབ་པས་སྨྲས་པའི་སྒྲ་སྟེ། ཐབས་དང་ཤེས་རབ་ཏུ་སྦྱོང་བའི་ཕྲིན་ལས་སོ།། ལུས་འགྲེངས་ན། བདེ་ཆེན
129b2 ལོངས་སྤྱོད་པའི་སྐུ་སྟེ། ཡབ་ཡུམ་གཉིས་སུ་མེད་པར་སྦྱོང་བའི་ཕྲིན་ལས་སོ།། ལུས་གནས་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྨྲ་སྟེ། གཉིས་སུ་མེད་པའི་ཕྲིན་ལས་སོ།། ལུས་མི་གནས་ནམ་སྐྱེས་པའི་ཆོས་ཉིད་མངོན་པར་བྱང་ཆུབ་པའི་སྲ་ཏེ།
129b3 ཡེ་ཤེས་ཆོས་ཉིད་དུ་དབྱེར་མེད་པའི་ཕྲིན་ལས་སོ།། ལུས་རོལ་ན། འཆི་བ་མེད་པ་རྡོ་རྗེའི་སྐུ་སྟེ། ལུས་དངོས་སུ་སྣང་བ་ཐམས་ཅད་རྡོ་རྗེའི་རིགས་ཏེ། སངས་རྒྱས་སྤྱན་དང་གཉིས་སུ་མེད་དེ། མེ་ལོང་ལ་བུའི་ཡེ་ཤེས་ཀྱི་ཕྲིན་ལས་སོ།། ལུས་ཐམས་ཅད་དུ་དྲིན་ཞིང
129b4 སྡུད་པ་ཐམས་ཅད་ནི། རིན་པོ་ཆེའི་རིགས་ཏེ་མཱ་མ་ཀཱི་དང་གཉིས་སུ་མེད་དེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྲིན་ལས་སོ།། ལུས་ལ་དྲོད་འབྱུང་བ་ཐམས་ཅད་ནི། པདྨའི་རིགས་ཏེ་གོས་དཀར་མོ་དང་གཉིས་སུ་མེད་པའི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ཕྲིན་ལས་སོ།། ལུས
129b5 ན་སློད་དུབ་ཏུབ་པ་རྣམས་ཅད་ནི། ལསས་རིགས་ཏེ་མཆོག་སྒྲོལ་མ་དང་གཉིས་སུ་མེད་དེ་བྱ་བ་ནན་ཏན་གྱི་ཡེ་ཞེས་ཀྱི་ཕྲན་པས་སོ།། སྲས་གཞིག་ན། རང་བཞིན་མེད་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་དགས་ཏེ། ཀུན་ཏུ་བཟང་མ་དང་གཉིས་སུ་མེད་དོ་སྟོང་བ་ན
129b6 ཀྱཻ་ཡོ་ཤོ་ཀྱི་ས་ས། དེ་བས་ན་ས་སུའི་ཕྲིན་ལས་ཐམས་ཅད་ན་ཡང་དག་པའི་ཕྲིན་ལས་ལ་ཡོངས་པ་མེད་པར་མང་དང་། དེ་ལ་འང་སྐད་ཅེས་བརྗོད་པར་བྱེ།། གདོང་ནས་མ་བྱེས་རྣམ་དག་དབྱིངས་ཀྱིསྲ།། ཡོངས་ལ་ཁྱབ་པས་ཐུགས་རྗེ་སྤལ་པའིས།། ཐབས་མ་པས
129b7 རོལ་པས་ལོངས་སྤྱོད་རྫོགས་པའི་སྒྲ།། སྐྱེ་ཤི་མེད་པས་རྡོ་རྗེ་སེམས་ཀྱི་སྐུ།། དོན་དམ་ཏོགས་པས་མངོན་པར་བྱང་ཆུབ་སྐུ།། གཉིས་མེད་ག་ཡུང་དྲུང་བ་དེ་ཆེན་ཆོས་ཀྱི་སྨྲ།། སྐུ་ལྔ་དབྱེར་མེད་རོལ་པའི་ཕྲིན་ལས་ཀྱིས།། དོན་དམ་ཕྲིན་ལས་ཡེངས་པ་མེད་པར་མཛད།། ལུས་ཀྱི།




iiif viewer powered by OpenSeadragon

129a - 130a

Texts on this page

Gdg008.6 - phrin las thams cad kyi rgyal po skabs sbyor bdus pa'i rgyud