e-texts navigator
Collection
Volume
Page
Wylie

129a1 ཡང་བྱེད་པ་པར་བྱགསནན་ཐུགས་པཔ། འདསས་ན་པ་ད་ན་། འདུས་ད་དག་ཤེནས་མས་ན་མ་པའོན་པས་ཀྱ་བས་ད
129a2 ཅེས་བམེ་བ་དེ་གང་བགས། སྲ་མ་ལས་མ་པས་ཁྱོ་བ་གང་ལ་ནས། གས་ག་ཟ་ཀྱི་ང་མ་པ། ཚིག་ཟིན་ས་ན་པཔ་སྐྱེ་ཤི་མིགས། བའིཛིན་པ་སུ་མན་པས་སྟོང་པ་གང་ལགས། བདྷཱུ་ཛིན
129a3 ལས་ཀྱི་སྐབས་སྦྱོར་བ་གང་ལགས། སྤྱོད་པའི་ཕྲིན་ལས་ཀྱི་སྐབས་སྦྱོར་བ་གང་ལགས། བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲས་མཆོག
129a4 དམ་པ་ཉོན་ཅིག། སྐབས་སྒོར་བདུན་པའི་རྒྱུད་འདི་ནི། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་གསུངས་ཤིང་བཤད་ལ་གསུངས་པ་ཡང་མི་མངའ། དེས་ཀྱང་བཤད་ལ་བཤད་པ་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན།
129a5 རྟག་པ་ཅན་གྱི་མཚན་ཉིད་མ་ཡིན་པའི་ཕྱིར་ཏེ། དེས་ན་རིགས་ཀྱི་བུ་ཕྲིན་ལས་ཞེས་བྱ་བ་ཡང་། དམིགས་སུ་མེད་པའི་མན་ངག་ལས་མ་གཏོགས་པར། འདུས་བྱས་ཀྱི་མཚན་མའི་ལས་སུ་བསྟན་པ་མ་ཡིན་ཏེ། དེ་ལ་སྒྲའི་ཕྲིན་ལས་ཀྱི་སྐབས་སྦྱོར་བ
129a6 འདི་ཡིད་ལ་ཟུང་ཞིག། དེ་ལ་སངས་རྒྱས་ཀྱི་སྐུ་གང་ཡིན་པ་ནི་སེམས་ཅན་གྱི་ལུས་ལ། སེམས་ཅན་གྱི་ལུས་གང་ཡིན་པ་དེ་ནི་བདག་སྟེ། བདག་གི་ཕུང་པོ་ལངས་ཀྱང་རུང་། འདུག་ཀྱང་རུང་། འགྲོ་ཡང་རུང་། འགྲངས་ཀྱང་རུང་། གནས་ཀྱང
129a7 རུང་། མེ་གནས་ཀྱང་རུང་། རོལ་ཀྱང་རུང་སྟེ། ཕྲིན་ལས་ཀྱི་སྐབས་སྦྱོར་ཉིད་དུ་མཛད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལུས་ལངས་ན་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་ནས་བཞེངས་པའི་སྐུ་སྟེ། དོན་ཆོས་ཉིད་དུ་སྦྱོར་བའི་ཕྲིན་ལས་སོ།། ལུས་འདུག་ན




iiif viewer powered by OpenSeadragon

128b - 129b

Texts on this page

Gdg008.6 - phrin las thams cad kyi rgyal po skabs sbyor bdus pa'i rgyud