e-texts navigator
Collection
Volume
Page
Wylie

128a1 དམ་ན། ཐུག་བརྡལ་ཅི་དབ་བསྟན་།། སྟག་གག་པ་ཐབས་དང་ཅང་དུབ་རྣམ་སན། ཕྲག་དག་ས་ང་འཆུབས། སྦྲུལ་ནག་གི་རྒན་པོ་ང་རྒྱང་དྲུ་བརྐོམས་ན། འསྡང་གི་མྦྷ་འབང་། བླང་ཏུ
128a2 ཀོ་རྣོན་རང་ཆུང་དུ་བསྒོམས་ན། གཏི་མུག་གི་ཤིང་སྤྱང་། ཞིང་ཆེན་གྱི་ག་ཡང་གཞི་རང་རྒྱུད་དུ་བསྒོམས་ན། དྲང་ཁྲོད་ཀྱི་བདག་པོར་ཟླ། ནག་གཙམ་བུ་དང་རྒྱུང་དུ་བསྒོམས་ན། ལོག་འདྲེན་གྱི་ཁ་ཟས་སུ་འགྱུར། ཁྲག་གི་ཐིག་པ་རང་ཆུང་ངུ་བཅོམ
128a3 ན། མ་མོའི་རྔན་ཟས་སུ་འགྱུར། ཐལ་ཆེན་གྱི་མཚན་མ་རང་ཆུང་ངུ་བསྒོམས་ན། སྲིན་པོ་ཐལ་བ་ཡོད་པར་སྐྱེ། བསྐལ་པའི་མོ་རང་རྒྱུད་དུ་བསྒོམས་ན། འབྲས་བུ་མེས་ཚིག།། བྷྲྀ་ཀུ་ཊི་གཉེར་མ་རང་རྒྱུད་དུ་བསྒོམས་ན། གནས་ཀྱི་དྲགས
128a4 པར་འགྲོ།། རྡོ་རྗེའི་གཤོག་པ་རང་རྒྱུད་དུ་བསྒོམས་ན། ལྟུང་བའི་གཡངས་ཆེ། ཟོད་ཕྲེང་རང་རྒྱུད་དུ་བསྒོམས་ན། སྐུ་གསུམ་གྱི་སྒོ་འགགས། ཐོད་སྐམ་རང་ཆུང་དུ་བསྒོམས་ན། ཆོས་སྐུ་དངོས་པོར་གོལ། ཐོད་པར་རི་རང་ཆུད་དུ
128a5 བསྒོམས་ན། ལོངས་སྤྱོད་རྫོགས་པའི་སྐུ་དངོས་པོར་གོལ། དྲོད་པ་རློན་པ་རང་རྒྱུད་དུ་བསྒོམས་ན། སྤྲུལ་པའི་སྐུ་རང་རྒྱད་དུ་གོལ། སྐུ་མདོག་རང་རྒྱུད་དུ་བསྒོམས་ན། ཁ་དོག་ལྔའི་སྒྲིབ་པ་ཆེ། མཐིང་ནག་དང་རྒྱུད་དུ་བསྒོམས་ན། ཞེ་སྡང
128a6 རང་ག་མ། སྨུག་ནག་རང་རྒྱུད་དུ་བསྒོམས་ན། གཏི་མུག་རང་གམ། སེར་ནག་རང་རྒྱུད་དུ་བསྒོམས་ན། དམྱལ་རང་ག་མ། དམར་ནག་རང་རྒྱུངད་དུ་བསྒོམས་ན། འདོད་ཆགས་རང་ག་མ། ལྗང་ནག་དང་ཆུང་ངུ་བསྒོམས་ན། ཕྲག་དོག་རང་ག་མ།
128a7 སྔོན་མོ་རང་ཆུད་དུ་བསྒོམས་ན། ནམ་མཁལ་མཐའ་ལ་ཆགས་མི་བསླད། སེར་མོ་རང་གྱུད་དུ་བསྒོམས་ན། དངོས་པོ་གསེར་སྡོང་དུ་འགྱུར། དམར་མོ་རང་རྒྱུད་དུ་བསྒོམས་ར། ཉི་མའི་དམར་ཐག་ཆད། ནག་མོ་རང་རྒྱུང་དུ་བསྒོམས་ན། གླེང་བར




iiif viewer powered by OpenSeadragon

127b - 128b

Texts on this page

Gdg008.5 - ting nge 'dzin mchog gi rgyud