| | e-texts navigator
|
126b1 འཆིང་། འཁོར་བ་བསྐུལ་པ་རང་ཆུད་དུ་གོ་ན། བྲེས་སྐས་ནི་སྒོ་འགག་གོ།། འོད་ཟེར་གྱི་འགྲོ་འདྲ་རང་ཁྱུང་ངུ་ག་ན། བདུད་ཀྱི་ཆོ་འཕྲུལ་འབྱུང་ངོ་།། མྲའི་ཆེམ་རྒྱང་རང་རླུང་དུག་ན། སྲིད་པའི་བསྐལ་པ་གཡོ་བའི་སྒྲིབ་པ་འབྱུང་ངོ་།། ཆགས་པའི་གཞི་སྲེད
126b2 ཅིང་མ་ཆགས་པའི་གླེང་བརྗོད་སྤོང་ངོ་།། ཆུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་ཆུད་ལས། གཞལ་ཡས་ཁང་གི་རྟོག་པ་བཤད་པའི་ལེའུ་སྟེ་བརྒྱད་པའོ།། ། ད་ནི་ཡེ་ཤེས་རྒྱལ་པོས་ཁྲོ་བོའི་དཀྱིལ་འཁོར་གྱི་སྐུ་ཕྱག་རྒྱའི
126b3 རྟོག་པ་བཤད་དེ། ཁྲོ་བོའི་དཀྱིལ་འཁོར་གྱི་སྐུ་ཞལ་གསུམ་ཕྱག་དྲུག་པ་རང་ཆུང་དུ་བསྒོམས་ན།། ལས་ཀྱི་སྲིན་པར་སྐྱེའོ།། གསུང་ང་རོའི་ཡི་གེ་འབྲུབ་རྐྱང་རང་རྒྱུད་དུ་བསྒོམས་ན། གསང་སྔགས་ཀྱི་སྤོང་ཚལ་ལོ།། ཐུགས་ཡེ་ཤེས་སེམས་དཔའ
126b4 རང་ཆུང་ངུ་བསྒོམས་ན། རྣམ་པར་རྟོག་པའི་སྡོང་སོགས་སུ་འཐུང་།། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱི་སྤྱན་དང་ཆུད་དུ་བསྒོམས་ན།། རྣམ་པར་ཐར་པའི་སྒོ་འགག་གོ།། སྙན་རང་ཆུང་ངུ་བསྒོམས་ན། སྲང་ལན་གྱི་སྒྲ་འབྱུང་ངོ་།། ཤངས་རང་ཆུང་ངུ་བསྒོམ
126b5 ན། ཆུ་འབྲས་སོ་སོའི་དྲིར་འཁྱམས་སོ།། ཞལ་རང་ཆུང་ངུ་བསྒོམས་ན། སེམས་ཅན་གྱི་ལྷུང་སར་འགྱུར་རོ།། མཆེ་བ་རང་ཆུང་ངུ་བསྒོམས་ན། ཟ་བྱེད་ཀྱི་བདུད་ཕོར་འགྱུར་རོ།། ཕྱག་རང་ཆུང་ངུ་བསྒོམས་ན། དངོས་པོ་ཐེར་ཟུག་གིས
126b6 གང་ངོ་།། ཞབས་བཞི་རང་ཆུང་ངུ་བསྒོམས་ན། ཕྱིན་ཅི་ལོག་བཞིའི་གནས་འཁྱམས་སོ།། ཁྲོ་བོ་དང་ཁྲོ་མོའི་ཕྱག་མཚན་ལ། རྡོ་རྗེ་འབར་བ་རྩེ་དགུ་རང་ཆུང་ངུ་བསྒོམས་ན། ཁམས་གསུམས་དགུར་ལྟུང་ངོ་།། ཁ་ཊྭཱཾ་རང་ཆུང་ངུ་བསྒོམས
126b7 བདུད་ཀྱི་ལག་ཆར་འབར་རོ།། རྡེའུ་ཆུང་རང་ཆུང་སུ་བསྒོམས་ན། སྐུ་མའི་རྫས་སུ་འགྱུར་རོ།། དྲིལ་བུ་དང་ཆུང་ངུ་བསྒོམས་ན། མེ་རྟག་པའི་རྫས་སུ་འགྱུར་རོ།། དུང་དམར་རང་དྲུང་དུ་བསྒོམས་ན། འཔུང་པོ་ཁྲག་འཐུང་རྗེ་སྡེའོ།། ཆུ་ཞགས།
iiif viewer powered by OpenSeadragon
126a - 127a