| | e-texts navigator
|
121b1 གྲོ་ལ་སང་སྨད་བཀལ་གྱི་སྡིག་སྦྱིན་ནོ།། རིན་པོ་ཆེའི་ཁྲི་རང་རྒྱུད་དུ་བསྒོམས་ན། འཛིན་ཆགས་ཀྱི་སྒོ་མི་ཁེགས་སོ།། པདྨའི་གདན་རང་རྒྱུད་དུ་བསྒོམས་ན། རྣམ་པར་ཤེས་པ་སྡུག་བསྔལ་གྱི་རྗེས་སུ་འབྲང་ངོ་།། ཉི་ཟླའི་གདན་རང་རྒྱུད་དུ་བསྐན།
121b2 དབྱིངས་ཡེ་ཤེས་ཀྱི་དོན་མི་འཆར་རོ།། རྡོ་རྗེའི་བྲེག་ཆུད་དུ་བསྒོམས་ན། སེམས་ཅན་གྱི་སྡུག་བསྔལ་གྱི་རང་བཞིན་གྱི་གཏན་གཞི་མི་ཤིགས་སོ།། ཏཱ་ལའི་སྐྱེ་ཤིང་དང་རྒྱུད་དུ་བསྒོམས་ན། འདོད་པ་ལ་ཆོག་ཤེས་པའི་དུས་མེད་དོ།། འོད་ཟེར་རང་ཆུང་དུ་བསྒོམས་ན།
121b3 སེམས་ཅན་གྱི་རྟོག་པ་སྐྱེའོ།། འཕྲོ་འདུ་རང་རྒྱུད་དུ་བསྒོམས་ན། བདུད་ཀྱི་བར་ཆད་དུ་འགྱུར་རོ།། སྦལ་པ་རང་རྒྱུད་དུ་བསྒོམས་ན། བགེགས་ཀྱི་ཆོ་འཕྲུལ་འབྱུང་ངོ་།། ཁ་དོག་རྣམ་ལྔ་རང་རྒྱད་དུ་བསྒོམས་ན། ཆོས་ཉིད་དུ་ལ་མི་ཟློས
121b4 སོ། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་གྱི་རྒྱུད་ལས། ཏིང་འཛིན་རྣམ་གསུམ་དང་། གཞལ་ཡས་ཁང་གི་སྐྱོན་བཙལ་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནི་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོས་སྐུ་ཕྱག་རྒྱའི་ཉེས་པ་བཤད་དོ། བྷྱ
121b5 བཞི་བཅུ་རྩ་གཉིས་ཡབ་ཀྱི་སྐུ་རང་རྒྱུད་དུ་བསྒོམས་ན། འདོད་པའི་རྒྱུ་སྙེད་དོ།། ཡུམ་གྱི་སྐུ་རང་ཆུང་ངུ་བསྒོམས་ན། ཆགས་པའི་གཞི་སོག་གོ།། སེམས་དཔའ་བརྒྱད་རང་རྒྱད་དུ་བསྒོམས་ན། མཚན་ཉིད་ཀྱི་ཕྱོགས་དང་ཕ་རོལ་ཕྱིན་པའི་ས
121b6 ལས་མི་འདས་སོ།། སེམས་མ་བཅད་རང་རྒྱུད་དུ་བསྒོམས་ན། འདོད་ཆགས་ཀྱི་ཆགས་ཡུལ་ལས་མི་འདས་སོ།། ཁྲོ་བོ་བཞི་རང་ཆུང་དུ་བསྒོམས་ན། ང་རྒྱལ་ཁེངས་པའི་རྒྱུར་གྱུར་ཏོ།། ཡུམ་བཞི་དང་ཆུང་དུ་བསྒོམས་ན། གདུག
121b7 བ་ཀྱི་གཞི་སོག་གོ།། ཐུབ་པ་དྲུག་དང་ཆུང་ངུ་བསྒོམས་ན། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཟག་རིང་ངོ་།། ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་རྒྱུད་དུ་བསྒོམས་ན། རང་བྱུང་གི་ཡེ་ཤེས་མི་འབྱུང་ངོ་།། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་རང་རྒྱང
iiif viewer powered by OpenSeadragon
121a - 122a