e-texts navigator
Collection
Volume
Page
Wylie

118b1 རྡུལ་ཙམ་ཡང་མ་གཡོས་ལ། མ་ཁྱབ་པ་དང་མ་སྐྱེས་པ་མེད་པའོ།། དེ་ནི་ཀུན་ཏུ་བཟང་པོ་རང་བཞིན་དུ་ཅི་ཡང་མ་གྲུབ་པར་སངས་རྒྱས་ཏེ་ཟླ་གདོད་མ་ནས་དག་གོ།། དེ་ནས་གཞལ་ཡས་ཁང་ཅི་ལ་ཡང་མི་བསྒོམ་ཞིང་། གང་དྷ་ཡང་མ་ཁྱབ་པ་མེད་པར་རྡོ་རྗེ་སེམས
118b2 དཔའ་རྟོགས་སོ།། སྟོབས་དངོས་པོ་ཆོས་ཉིད་མ་གྲུབ་པར་གྲུབ་པོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། གཞལ་ཡས་ཁང་གི་གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་ཡིད་ཀུན་ཏུ་བཟང་པོས། མ་གཡོས་པའི་ཡི་གེ་ཨ
118b3 ལས། ཡི་གེ་བཞི་བཅུ་རྩ་གཉིས་སུ་བྱུང་སྟེ། མིང་དུ་མ་བཏགས་པའི་ལྷ་གྲངས་དང་། ཚིག་ཏུ་མ་བྱུང་བའི་ཡི་གེ་འབྲུ་སུམ་ཅུ་རྩ་གཉིས་ཀྱིས་མ་འཕྲོས་པར་མ་ཁྱབ་པ་མེད་པ་འདི་ལྟར་ཏེ། ཛ་པྲ་ཏ་ཊད་ཌ་དྷ་ཌྷ་ན་ཎ། ཀ་ཁ་གཱ་གྷ། ཙ་ཚ་ད་ཏོ། པ་ཕ
118b4 བ་བྷ། ཥ་ཡ་ར་ལ། ང་ཉ་མ་ཨཽ། ཤ་ཥ་ས་ཧ། ཨཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཡོངས་སུ་ཁྱབ་པོ།། མགཡོས་སོ།། ཀུན་ཏུ་གཏོར་རོ།། མ་འཕྲོས་སོ།། ཐམས་ཅད་ཡིག་འབྲུར་སངས་རྒྱས་ཏེ། ཚིག་དང་ཡི་གེར་མ་གྲུབ་པོ།།
118b5 ཕྱག་རྒྱའི་དཀྱིལ་འཁོར་རྡོ་རྗེ་ལ་སོགས་པར་བཏགས་པས་བཤད། བསྟན་པས་བཀྲོལ། སྣང་བས་དོན་བྱས། མེད་པས་སྐྱོན་གྲོལ། འཕྲོས་པས་རྟོག་པ་གསལ། ཅི་ཡང་མི་སྣང་བས་རྒྱས་བཏབ་པོ།། དེ་ནས་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོས་སྟོན་པས་མ་གསུངས
118b6 པའི་སྒྲ་རང་བྱུང་བ་ནི་འདི་ལྟར་ཏེ། ཧཱུཾ་བཛྲ་དྷྲྀ་ཀྲ། ཨཱཾ་ཛི་ནཱ་ཛིག། སྟཱ་རཏྣ་དྷྲྀཀ། ཨཱཾ་ཨཱ་རོ་ལིཀ་ཧཱ་པྲདྡྷེ་ཏྲྀ་ཀ། ལཱཾ་དྭེ་ཥར་ཏཱི། མཱཾ་དྷཱརྟྟི་ཤྭ་རཱི། མཱཾ་མོ་ཧ་ར་ཏི། གཱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི། སྟྲྀ་ཧི་རཱ་ཛ་ཡ། ཏྲཾ་ཨཱ་གརྦྷ་ཡ། ཧྲཱི་ཧ་ཏཱཾ་པདྨ་པཱ་ད་མ། ཛི
118b7 རུ་པཱ་ཎ། ཧཱུཾ་ལཱ་སྱ་ས་མ་ཡ་སྟཱཾ། དྷྭཾ་མཱ་ལེ་ས་མ་ཡ་ཧོཿ། ཧྲཱིཾ་གཱི་ཏི་རཱ་གོ&ཧཾ། ཨཾ་ནི་རྟི་རཱ་ག་ཡཱ་མི། མེ་དྷ་ར་ཎེ་སྭཱ་ཧཱ། བྷཱི་ནི་སྭ་རཾ་ཐཱ་ཡ་སྭཱ་ཧཱ། ཧཱུཾ་ས་རཱ་ཛཱ་ཡ་སྭཱ་ཧཱ། མཱུ་ཤྲཱི་ཨཻ་རཱ་གཱ་ཡ་སྭཱ་ཧཱ། ཛཿདྦྷ་པི་པྲ་བེ་ཤ། ཧཱུ་པུཥྤེ་ཨཱ་བེ་ཤ། བཾ་དཱི་བཾ་སུ་གཻ་རཱཾ། ཧོ




iiif viewer powered by OpenSeadragon

118a - 119a

Texts on this page

Gdg008.5 - ting nge 'dzin mchog gi rgyud