| | e-texts navigator
|
118a1 གསེར་དང་རིན་པོ་ཆེའི་དྲ་བ་དང་། གསེར་གྱི་དྲིལ་བུ་ལ་སོགས་པ། རྒྱུན་གྱི་ཏིང་ངེ་འཛིན་མང་པོའི་མང་པོ། ཉུང་ངུ་ཉུང་ངུ། ཆེན་པོའི་ཆེན་པོ། ཆུང་ངུའི་ཆུང་ངུ། གང་ལའང་མ་གཡོས་མི་སྣང་བར་ཡོངས
118a2 སུ་ཁྱབ་ཅིང་གསལ་བར་གྱུར་ཏོ།། གསལ་ཞིང་ཐམས་ཅད་སྣང་བ་ཅིར་ཡང་མ་གྲུབ་པོ།། མི་སྣང་བའི་དབྱིངས་ལས་མ་གཡོས་པའི་ཡེ་ཤེས་ཀྱི་ནང་དུ་བྱུང་ནས། གང་ཡང་ཕྱི་ནང་མེད་པར་མ་གྲུབ་པའི་ཕྱི་ནང་དུ་བསྟན་ཏོ།། གཞལ་ཡས་དེ་ལ་དབུས
118a3 མེད་པའི་དབུས་སུ་རྒྱན་མེད་པའི་རྒྱན་ཉི་ཟླ་མེད་པའི་ཉི་ཟླ་སྐར་ཁུང་ལ་མ་བརྒྱན་པའི་མཐོ་ཁུང་དུ་མི་གསལ་བར་ཀུན་མཐོང་བར་བསྟན་ཏོ།། གཞལ་ཡས་ཅིང་པད་མ་གྲུབ་པའོ།། ནང་མེད་པའི་ཕྱིས་བསྐོར་བ། དཀྱིལ་མེད་པའི་དབུས་སུ། མེ་འཁོར་བའི
118a4 འཁོར་ལོས། དེ་དག་ཐམས་ཅད་ལ་འཁོར་ཏེ། རྩིས་མ་བགྲངས་པའི་གྲངས་བཞི་ཡོད་པ། ཟླུམ་པོ་ཟུར་གསུམ་ཅན་དུ་བསྟན་ཏོ།། ཆོས་ཉིད་སྟོང་པ་ལ་གཅིག་ཀྱང་མ་གཡོས་ཤིང་མ་བསྟན་པར། ཀུན་གྱིས་མཐོང་ཞིང་རྟོགས་པར་བྱས་སོ།། འཁོར
118a5 ལོ་དེའི་སྟེང་མིན་པའི་ཁྲི། གཟུགས་མེད་པའི་སེང་གེ་གླང་པོ་རྟ་དང་རྨ་བྱ་ནམ་མཁའ་ལྡིང་ལ་སོགས་པ། ཚིག་མེད་པའི་མིང་དུ་བཏགས་ནས། དོན་མེད་པའི་རང་ཆུང་དུ་ཤར་རོ།། རིན་པོ་ཆེ་ཁྲི་རིག་པས་བརྒྱན་པ་ལ་མིང་དུ་བཏགས་པ། དགོས་འདོད
118a6 མི་སྐོང་བའི་སྐོང་བ། ཡོད་པའི་མེད་པ་དང་། མ་ཆགས་པའི་ཆགས་པ་ཆེན་པོའི་པདྨར་བཞུགས་པ་མེད་པའི་བཞུགས་པའི་གདན་ཉི་ཟླ་བ་ཟླ་མེད་པའི་ཡོད་པ། མ་གཡོས་པའི་གཡོས་པ་ཆེན་པོར་བསྟན་ཏོ།། མི་བཞུགས་པའི་བཞུགས་གནས་གློ
118a7 འབུར་དང་བ་ཁྱམས་གྲུ་བཞི་སྒོ་ཁྱུད་ལ་སོགས་པ་གདན་པདྨ་དང་ཉི་ཟླ་སྲ་སྟི་མེད་པའི་རྡོ་རྗེའི་བྲེག་ལ་སོགས་པའི་མི་བཞུགས་པའི་གདན། མ་བཀོད་པའི་བཀོད་པ། མི་སྣང་ཞིང་རབ་ཏུ་གསལ་བར་སྣང་ངོ་།། དེ་ཙམ་ན་ཆོས་ཉིད་མ་གཡོས་པའི་ཀློང་ལས
iiif viewer powered by OpenSeadragon
117b - 118b